ཀོང་ཏུང་ཧྲེན་ཀྲེན་དུ་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་གློག་གསོག་གློག་རིན་གློག་དྲ་ནས་རྩིས་རྒྱག་པའི་ཚོད་ལྟ་བྱེད་འགོ་ཚུགས་པ།
ཤིན་ཧྭ་གསར་འགྱུར་ཁང་ནས་ཟླ་1ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ལྷོ་ཕྱོགས་གློག་དྲ་ཧྲེན་ཀྲེན་གློག་གཏོང་ཅུས་ཀྱིས་གློག་གསོག་ས་ཚིགས་སུ་གློག་བསགས་པའི་གློག་རིན་གློག་དྲ་ནས་རྩིས་རྒྱག་པའི་ཚོད་ལྟ་ལེགས་གྲུབ་བྱུང་བ་རེད། ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཁ་ལོ་བ་ལི་ལགས་ལ་ཐེངས་གཅིག་ལ་ཁེ་བཟང་དངུལ་སྒོར་15རག་ཡོད། ཟླ་
གཅིག་གི་གོང་དུ། ཁོང་གིས་གློག་གཏོང་མང་བའི་དུས་སུ་གློག་དྲར་གློག་ཆན་ཝ་ཆུ་ཚོད་20ཙམ་རེ་ཞུ་བྱས་ཡོད། དེ་ནི་ཀོང་ཏུང་ཧྲེན་ཀྲེན་གྲོང་ཁྱེར་དུ་ནུས་རྒྱུ་གསར་པའི་རླངས་འཁོར་ལ་གློག་དྲས་གློག་བཏང་བའི་གློག་རིན་རྩིས་རྒྱག་ཐེངས་དང་པོ་དེ་ཡིན་པ་རེད།
ཧྲེན་ཀྲེན་ནི་རྒྱལ་ཡོངས་ནས་རླངས་འཁོར་དང་གློག་དྲ་མཉམ་འགུལ་གྱི་གཞི་ཁྱོན་ཅན་གྱི་བེད་སྤྱོད་ཚོད་ལྟའི་གྲོང་ཁྱེར་ཐོག་མའི་གྲས་ཤིག་རེད། “རིན་གོང་བརྡ་རྟགས་ལ་བརྟེན་ནས་གློག་སྤྱོད་ཉུང་བའི་སྐབས་ནུས་རྒྱུ་གསར་པའི་རླངས་འཁོར་ལ་གློག་གསོག་པ་དང་། གློག་སྤྱོད་མང་བའི་སྐབས་གློག་གཏོང་བར་ཁྲིད་སྟོན་བྱས་པ་དེས་ནུས་རྒྱུ་གསར་
པའི་རླངས་འཁོར་གྱི‘གསོག་ནུས་གཞན་སྒྱུར’གྱི་མི་མངོན་པའི་ནུས་པ་འདོན་པར་རམ་འདེགས་ཐུབ་ནས་ས་ཁོངས་ཁག་གཅིག་གི་གློག་གི་གནོན་ཤུགས་ཞི་ལྷོད་དུ་འགྲོ་ཐུབ་ཀྱི་ཡོད”ཅེས་ལྷོ་ཕྱོགས་གློག་དྲ་ཧྲེན་ཀྲེན་གློག་གཏོང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོ
འབྲེལ་ཡོད་གསར་འགྱུར།