དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • བཟོ་སྐྲུན་རིགས་ཀྱི་ཕྱི་རྒྱལ་ཁེ་ལས་ལེའོ་ཉིང་ཧྲེན་དབྱང་དུ་རྩ་བ་ཚུགས་པ།

    “ང་ཚོས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྲོམ་རའི་མདུན་ལྗོངས་མཛེས་སྡུག་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད”

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ཧུའུ་ཅིང་དབྱི།   |     སྤེལ་དུས།  2026-01-17

    འདི་ནི་འཇར་མན་ཁེ་ལས་ཀྱི་འཐུས་མིས་ཀྲུང་གོར་ལྟ་སྐོར་དང་རྟོག་ཞིབ་བྱེད་བཞིན་པ། (འཇར་མན་གྱི་རྒྱལ་ཕྲན་མཉམ་འབྲེལ་ཁེ་ལས་འབྲིང་ཆུང་མཉམ་འབྲེལ་ལྷན་ཚོགས་ཀྲུང་གོའི་ཁུལ་གྱིས་པར་མཁོ་འདོན་བྱས)

    འདི་ནི་པའོ་མཱ་ཧྲེན་དབྱང་རླངས་འཁོར་བཟོ་གྲྭའི་ཐོན་སྐྱེད་འཁོར་ཁང་ཡིན་པ།(ཧྭ་ཁྲེན་པའོ་མཱ་ཀུང་སིས་པར་མཁོ་འདོན་བྱས)

    རླངས་འཁོར་འཁོར་ལོ་རང་འགུལ་ཅན་གྱི་ཐོན་སྐྱེད་བརྒྱུད་རིམ་ནང་གནད་ལ་འཁེལ་བའི་སྒོ་ནས་བཟོ་དབྱིབས་གྲུབ་པ་དང་། གློག་རྡུལ་བརྙན་ཤེལ་ལས་ཐོན་རྫས་ཀྱི་སྤྱོད་ནུས་ཞིབ་བཤེར་གྲངས་གཞི་དུས་ཐོག་ཏུ་འཆར་བཞིན་ཡོད། ལེའོ་ཉིང་ཧྲེན་དབྱང་དུ་གནས་པའི་ཧྥ་རན་སེའི་ཁེ་ལས་སྨི་ཆི་ལིན་གྱི་འཁོར་ལོ་རྩེ་གྲས་ཐོན་སྐྱེད་རྟེན་གཞིར་འཁོར་ལོ་རེ་རེ་བཞིན་རིག་ནུས་ཅན་གྱི་ཐོན་སྐྱེད་བརྒྱུད་རིམ་བརྒྱུད་རང་འགུལ་ཅན་གྱི་མཛོད་ཉར་དང་ཟོག་འགྲེམས་སྡེབ་སྐྱེལ་མངོན་འགྱུར་བྱུང་ནས་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་ཡོད་པ་རེད།

    “ས་གནས་དེ་གའི་ཐོན་ལས་འཁོར་འབྲེལ་ནང་མཉམ་འདྲེས་བྱས་པ་བརྒྱུད་ཐོན་ཁུངས་མཉམ་སྤྱོད་དང་མཐུན་སྦྱོར་འཕེལ་རྒྱས་མངོན་འགྱུར་བྱུང་བ”

    “1995ལོར། སྨི་ཆི་ལིན་དང་ཧྲེན་དབྱང་འཁོར་ལོ་སྤྱི་ཁྱབ་བཟོ་གྲྭ་གཉིས་ཀྱིས་མཉམ་དུ་མ་རྩ་བཞག་ནས་བཟོ་གྲྭ་བཙུགས་ཏེ་འཁོར་ལོའི་ཐོན་སྐྱེད་ལས་རིམ་ཀྲུང་གོར་དངོས་སུ་ནང་འདྲེན་བྱས་པ་རེད” རྒྱལ་སྤྱིའི་ཚད་ལྡན་ཅན་གྱི་ཐོན་སྐྱེད་མ་ལག་རིམ་བཞིན་འཛུགས་པ་ནས་སྨི་ཆི་ལིན་དེ་གོ་ལ་ཧྲིལ་པོའི་མཁོ་སྤྲོད་འཁོར་འབྲེལ་གྱི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་གྱུར་པའི་བར་དང་། དེ་ནས“ལྗང་མདོག་དང་། རིག་ནུས། ཐཱན་ཉུང”བཅས་ཀྱི་བཟོ་གྲྭ་སྐྲུན་པའི་བར། ད་ཆའི་སྨི་ཆི་ལིན་ཧྲེན་དབྱང་བཟོ་གྲྭས་ལོ་རེར་ཐོན་སྐྱེད་བྱས་པའི་འགྲུལ་སྐྱེལ་རླངས་འཁོར་གྱི་འཁོར་ལོ་ཁྲི་1710ཟིན་པ་དང་། རིམ་རྩིས་བརྒྱབ་ན་ཐོན་སྐྱེད་བྱེད་ཚད་དུང་ཕྱུར་1ཟིན་ཡོད་པ་རེད། 2024ལོར། སྨི་ཆི་ལིན་གྱིས་རབས་གསར་ཤོས་ཀྱི་སྒྲིག་སྦྱོར་མ་ལག་གི་སྒྲིག་ཆས་ཐོག་མ་དེ་ཧྲེན་དབྱང་བཟོ་གྲྭར་ཐོག་མར་སྤྱད་པ་རེད། “ཧྲེན་དབྱང་བཟོ་གྲྭས་བསགས་པའི་ལག་རྩལ་གྲུབ་འབྲས་དང་། དོ་དམ་ཉམས་མྱོང་། ལྗང་མདོག་གསར་གཏོད་ལག་ལེན་བཅས་ཀྱིས་ཚོགས་པའི་གོ་ལ་ཧྲིལ་པོའི་དྲ་རྒྱ་བརྒྱུད། སྨི་ཆི་ལིན་གྱིས་ཨེ་ཤེ་ཡ་དང་དེ་བཞིན་གོ་ལ་ཧྲིལ་པོའི་ཁྲོམ་ར་གཞན་དག་ནང་འགྲན་རྩོད་བྱེད་པར་མཐུན་རྐྱེན་སྦྱོར་བཞིན་ཡོད། ལོ་ལྟར་ཧྲེན་དབྱང་བཟོ་གྲྭར་གསོ་སྦྱོང་བྱེད་པར་ཡོང་མཁན་གོ་ལ་ཧྲིལ་པོའི་ཤེས་ལྡན་པ་དང་བཟོ་གྲྭའི་དོ་དམ་པ་500ལྷག་ཙམ་ཡོད”ཅེས་སྨི་ཆི་ལིན་ཧྲེན་དབྱང་འཁོར་ལོ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལི་ཡན་པིང་གིས་བརྗོད།

    “ཧྲེན་དབྱང་དུ་ང་ཚོས་སྤྱིར་ན་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ལེ་ལག་ཚང་བ་དང་ཐོན་རྫས་ཕྱིར་ཚོང་མངོན་འགྱུར་བྱེད་ཐུབ་ཡོད། འདི་གར་ལས་རིགས་ལག་རྩལ་སློབ་གྲྭ་མང་པོ་ཡོད་པ་དང་། ལོ་ལྟར་རྩལ་ནུས་རྣམ་པའི་ཤེས་ལྡན་པ་ཁྲི་ཁ་ཤས་གསོ་སྐྱོང་བྱེད་བཞིན་ཡོད་པས། ཁེ་ལས་ཀྱི་ཐོན་སྐྱེད་དང་འཕེལ་རྒྱས་ཀྱི་དགོས་མཁོ་མགྱོགས་མྱུར་སྐོང་བཞིན་ཡོད། ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ས་གནས་དེ་གའི་ཐོན་ལས་འཁོར་འབྲེལ་ནང་མཉམ་འདྲེས་ཡག་པོ་ཐུབ་ནས་ཐོན་ཁུངས་མཉམ་སྤྱོད་དང་མཐུན་སྦྱོར་འཕེལ་རྒྱས་མངོན་འགྱུར་ཐུབ་ཡོད”ཅེས་པེ་ཁར་ཐེ་ཚོགས་པའི་འགྱིག་ལས་ལག་རྩལ་ཤུགས་སྣོན་ལས་དོན་པུའུ་ཡི་ཙུང་ཚའེ་ཞུས་ཧུང་ཡན་གྱིས་ཧྲེན་དབྱང་གི་བྱང་ཆུབ་པའི་ཐོན་ལས་ལེ་ལག་ལ་བསྔགས་བརྗོད་ཆེན་པོ་བྱས་པ་རེད།

    ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཀྱིས་མ་འཇོག་བྱེད་པར་སྐུལ་མ་གཏོང་ཆེད། ཧྲེན་དབྱང་གིས་སྐུལ་ལྕག་ལམ་སྲོལ་ལག་བསྟར་བྱས་ཏེ《ཧྲེན་དབྱང་གྲོང་ཁྱེར་གྱིས་ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་ཁོར་ཡུག་དེ་བས་ལེགས་སུ་བཏང་ནས་ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བའི་བྱ་ཐབས་འགའ་ཞིག》བཟོས་པ་རེད། 2024ལོར། ཁེ་ལས་ཁག་50“ཧྲེན་དབྱང་གྲོང་ཁྱེར་ལ་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་གྱི་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས”ལ་བདམས་པ་དང་། ཁེ་ལས་ཁག་17“ལེའོ་ཉིང་ཞིང་ཆེན་ལ་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་གྱི་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས”ལ་བདམས་པ་རེད།

    “ཀྲུང་གོར་ང་ཚོའི་ཀུང་སི་ཡུན་རིང་འཕེལ་རྒྱས་ཡོང་ངེས་ཡིན་པའི་གདེང་ཚོད་ཆེན་པོ་ཡོད”

    ཧྭ་ཁྲེན་པའོ་མཱ་ཧྲེན་དབྱང་ཐེ་ཤིས་བཟོ་གྲྭར་སྐྱོད་སྐབས། དེང་རབས་ཅན་གྱི་ཐོན་སྐྱེད་སྒྲུབ་རིམ་མིག་ལམ་དུ་འཆར་བ་སྟེ། མི་མེད་དབོར་འདྲེན་རླངས་འཁོར་གྱིས་ལས་གནས་དང་མཛོད་ཁང་དབར་འགྲུལ་བཞུད་བྱས་ཏེ་ལྷུ་ལག་སྣ་ཚོགས་ལས་གནས་སུ་ཧྲ་ཏག་ཏག་སྐྱེལ་གྱི་ཡོད། ལྷུ་ལག་སྒྲིག་སྦྱོར་བྱེད་པ་ནས་རླངས་འཁོར་ཧྲིལ་པོ་སྒྲིག་སྦྱོར་དང་ཞིབ་དཔྱད་ཚད་ལེན་བྱེད་པའི་བར། ཐོན་སྐྱེད་སྒྲུབ་རིམ་གྱི་ལྷུ་ཚིགས་ཁག་གོ་རིམ་ལྡན་པ་ཞིག་ཡོད། ཚོད་འཛིན་ཁང་གི་བརྙན་ཤེལ་ཆེན་པོ་ནས་ཐོན་སྐྱེད་ཀྱི་སྒྲུབ་རིམ་ཚང་མ་དང་ལྷུ་ཚིགས་ཚང་མའི་འཁོར་རྒྱུག་རྣམ་པ་དུས་ཐོག་ཏུ་མངོན་བཞིན་ཡོད།

    ཧྭ་ཁྲེན་པའོ་མཱ་རླངས་འཁོར་ཚད་ཡོད་ཀུང་སིའི་ཙུང་ཚའེ་དང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་པའོ་སི་ཆི་ཡིས“ཀྲུང་གོས་བཟོ་སྐྲུན་ལས་རིགས་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་སུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་བ་དང་། པའོ་མཱ་དང་ལྷན་དུ་རྩེར་སོན་བརྩོན་ལེན་དང་གྲངས་འཛིན་ཅན་དང་རྒྱུན་མཐུད་ཆོག་པའི་ཐོན་སྐྱེད་ཚད་ཤིང་འཛུགས་པར་གཞོལ་བའི་བསམ་འདུན་རྦད་དེ་གཅིག་མཐུན་བྱུང་ཡོད། ཀྲུང་གོའི་རླངས་འཁོར་ལས་རིགས་ཀྱིས་རྒྱུན་མཐུད་གསར་གཏོད་བྱེད་པ་དེ་གོ་ལ་ཧྲིལ་པོའི་རླངས་འཁོར་ཐོན་ལས་རིག་ནུས་ཅན་དང་། གློག་སྒུལ་ཅན། རྒྱུན་མཐུད་ཆོག་པའི་ཕྱིར་སྐྱོད་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད”ཅེས་བརྗོད།

    “ཀྲུང་གོའི་བཟོ་སྐྲུན་ལས་རིགས་དེ་སྲོལ་རྒྱུན་གྱི་རྣམ་པ་ནས་ཚན་རྩལ་མཐོ་བ་དང་རྒྱུན་མཐུད་གསར་གཏོད་ཁྱད་ཆོས་སུ་བྱེད་པའི་ཐོན་ལས་ཀྱི་རྣམ་པར་སླེབས་ཡོད། སྟབས་ལེགས་པ་ཞིག་ལ། ཧྭ་ཁྲེན་པའོ་མཱ་ནི་ཕྱོགས་སྒྱུར་དེའི་ནང་ཞུགས་མཁན་དང་སྐུལ་འདེད་གཏོང་མཁན་ཞིག་ཏུ་གྱུར་ཏེ། ལས་རིགས་དེ་དང་གོ་སྐབས་མཉམ་སྤྱོད་དང་འགན་འཁྲི་མཉམ་དུ་འཁུར་བཞིན་ཡོད”ཅེས་པའོ་སི་ཆི་ཡིས་བརྗོད། མིག་སྔའི་བར། པའོ་མཱ་ཧྲེན་དབྱང་ཐོན་སྐྱེད་རྟེན་གཞིར་མི་ཐབས་རིག་ནུས་ཉེར་སྤྱོད་རྣམ་གྲངས་ཁག་200ཙམ་སྤྱོད་བཞིན་ཡོད་པས་ཐོན་སྐྱེད་ལས་ཆོད་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་ཡོད། གོ་ལ་ཧྲིལ་པོར་པའོ་མཱ་རླངས་འཁོར་4རེ་བཙོངས་པར་ཆ་བཞག་ན་དེའི་ཁྲོད་ཀྱི་རླངས་འཁོར་1ཀྲུང་གོ་ནས་བཟོས་ངེས་གཏན་རེད།

    “ཀྲུང་གོའི་ཁྲོམ་རས་ཕྱི་རྒྱལ་གྱི་མ་འཇོག་པའི་ཡིད་དབང་ཇི་ལྟར་འགུག་མིན་དངོས་སུ་ཚོར་བྱུང”

    ཞི་ཅེ(ཧྲེན་དབྱང)སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཨན་ཐའེ་མིན་གྱི་གཞུང་ལས་ཁང་དུ། ཧྲེན་པེ་ཁུལ་གསར་སྲིད་འཛིན་དང་ཁེ་ལས་ཀྱི་སྦྲེལ་ཟམ་ཞེས་པའི་བྱང་བུ་ཞིག་མངོན་གསལ་དོད་པའི་གནས་སུ་བཞག་ཡོད། ཨན་ཐའེ་མིན་གྱིས“གནད་དོན་གང་ཞིག་འཕྲད་ཀྱང་བྱང་བུའི་སྟེང་གི་རྩ་གཉིས་ཨང་རྟགས་བཤེར་ན། ཐད་ཀར་ཞབས་ཞུའི་ཆེད་མངགས་པར་འབྲེལ་བ་བྱེད་ཐུབ་ཀྱི་ཡོད་པས་ཁོང་ཚོས་ང་ཚོར་འབྲེལ་གཏུག་བྱེད་རོགས་དང་ལན་འདེབས་ཀྱི་ཡོད”ཅེས་གསར་འགོད་པར་ངོ་སྤྲོད་བྱས།

    ཞི་ཅེ(ཧྲེན་དབྱང)སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་ནི་ཧན་གོའི་ཞི་ཅེ་ཚོགས་པས་ད་བར་ཕྱི་རྒྱལ་དུ་མ་འཇོག་བྱེད་མང་ཤོས་ཀྱི་རྣམ་གྲངས་ཤིག་ཡིན་པ་དང་། དེས་གཟན་ཆག་གི་སྦྱོར་རྟ་ཨན་གཞི་སྐྱུར་གྱི་ཐོན་རྫས་རབ་དང་རིམ་པ་ཐོན་སྐྱེད་བྱེད་ཀྱི་ཡོད། ཐོན་རྫས་དག་ཀྲུང་གོའི་ཁྲོམ་རར་མཁོ་སྤྲོད་བྱེད་པ་ཕུད། ད་དུང་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་ཁག་50ལྷག་ཙམ་ལ་ཕྱིར་གཏོང་བྱེད་བཞིན་ཡོད།

    “ཧྲེན་དབྱང་དུ་ཁེ་ལས་འཕེལ་རྒྱས་གཏོང་བའི་ལོ་13གྱི་རིང་། ཀྲུང་གོའི་ཁྲོམ་རས་ཕྱི་རྒྱལ་གྱི་མ་འཇོག་པའི་ཡིད་དབང་ཇི་ལྟར་འགུག་མིན་ང་ཚོས་དངོས་སུ་ཚོར་བྱུང་། ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་དང་། སྲིད་ཇུས་ཀྱི་སྔོན་དཔག་བརྟན་པོ་དང་དེ་བཞིན་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་བའི་རྨང་གཞིའི་སྒྲིག་བཀོད་བཅས་ཀྱིས་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ལ་བརྟན་ལྷིང་དང་། ཕྱི་གསལ་ནང་གསལ། སྔོན་དཔག་བྱེད་ཐུབ་པ་བཅས་ཀྱི་འཕེལ་རྒྱས་ཁོར་ཡུག་མཁོ་འདོན་བྱས་པ་ལས། ང་ཚོས་དེ་གར་གཞིས་ཚུགས་ནས་འཕེལ་རྒྱས་གཏོང་བའི་སེམས་ཤུགས་ཆེ་རུ་ཕྱིན་སོང” ཨན་ཐའེ་མིན་གྱིས། 2024ལོར་ཀྲུང་གོས་བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་སུ་ཕྱི་རྒྱལ་གྱི་མ་འཇོག་ཞུགས་འཐུས་ཚོད་འཛིན་བྱེད་ཐབས་ཕྱོགས་ཡོངས་ནས་མེད་པར་བཟོས་ཏེ། ཁེ་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་རྒྱ་སྐྱེད་དང་ལས་སྒོ་སྣ་མང་ཅན་འཕེལ་རྒྱས་གཏོང་བར་གོ་སྐབས་བཟང་པོ་བསྐྲུན་ཡོད་ཅེས་བརྗོད།

    “སྐུ་མགྲོན་གྱི་དགོས་མཁོ་སྐོང་ཆེད། 2023ལོར་ང་ཚོས་མ་དངུལ་བཏང་ནས་རླངས་འཁོར་གྱི་ལྷུ་ལག་རྣམ་གྲངས་རྒྱ་བསྐྱེད་པ་དང་། ཧྲེན་དབྱང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་རྒྱབ་སྐྱོར་འོག བཟོ་གྲྭའི་གློག་མཁོ་འདོན་མ་ལག་བདེ་བླག་ངང་སྤོ་ཐུབ་པ་མ་ཟད་རིམ་སྤོར་ཡང་བྱུང་ཡོད། དུས་རིམ་གསུམ་པའི་བཟོ་ཁང་སྔོན་ལ་སྤྱོད་རྒྱུ་བྱུང་བ་ལས་ཐོན་ནུས་20%འཕར་ཡོད”ཅེས་ཧའེ་སི་ཐན་ཕུའུ་རླངས་འཁོར་ལྷུ་ལག(ཧྲེན་དབྱང)ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་རེན་ཐིང་ཧྥུའུ་ཡིས་བརྗོད།

    ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་ཚོང་དོན་ཞབས་ཞུ་བའི་ལམ་ལུགས་གཙོ་གནད་ཐོག་བཟོས་ནས་སྟབས་བདེ་དང་ནུས་ཆེའི་སྲིད་དོན་ཁོར་ཡུག་བསྐྲུན་པ་དང་། རྒྱལ་སྤྱིའི་འགྲུལ་སྐྱེལ་དང་ཟོག་འདྲེན་མཁའ་ལམ་བསྡོམས་23ཤར་གཏོང་བྱས་ནས་ཕན་ཆེ་དང་སྟབས་བདེའི་ཚོང་དོན་འགྲོ་འོང་བགྲོད་ལམ་བཏོད་པ། ཕྱི་རྒྱལ་བའི་ལས་ཞུགས་ཆོག་འཐུས་དང་སྡོད་དབང་ཆོག་འཐུས“སྐར་ཁུང་གཅིག་ནས་བདག་སྤྲོད་དང་མཉམ་འབྲེལ་ཞིབ་མཆན་འགོད་པ”གསར་གཏོད་བྱས་ཏེ། རྒྱལ་སྤྱི་ཅན་གྱི་གནས་འཕྲོད་ལས་འཚམ་གྱི་ཁོར་ཡུག་གཏོད་པ་ལ་སོགས། ཉེ་བའི་ལོ་ཤས་རིང་ཧྲེན་དབྱང་གིས་ཐབས་མང་མཉམ་སྤྱོད་བྱས་ནས་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་མང་དུ་གཏོང་བའི་ཡིད་དབང་བཀུག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།