ཀྲུང་གོས་སྐྲུན་འགན་ཁུར་བའི་ནེ་པ་ལའི་གཞུང་ལམ་ལེགས་བཅོས་རྣམ་གྲངས་རྩིས་སྤྲད་པ།

ཉེ་ཆར། ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སིས་སྐྲུན་འགན་ཁུར་བའི་ནེ་པ་ལའི་མུའུ་ཀེ་ལིན་ནས་པོ་ཁཱ་ལཱ་བར་གྱི་གཞུང་ལམ་ལེགས་བཅོས་རྣམ་གྲངས(ཤར་གྱི་དུམ་བུ)ལ་དོ་བདག་གིས་སྤྲད་པའི་རྩིས་ལེན་ལག་ཁྱེར་རག་པ་རེད། གཞུང་ལམ་དེ་ནི་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུ་དང་གྲོང་ཁྱེར་ཆེ་གྲས་གཉིས་པ་པོ་ཁཱ་ལཱ་ཕན་ཚུན་འབྲེལ་མཐུད་བྱེད་པའི་འགྲིམ་འགྲུལ་གྱི་མ་ལམ་གཙོ་བོའི་ལམ་དུམ་གལ་ཆེན་ཞིག་ཡིན་ཞིང་། དེའི་ནང་ལམ་དུམ་ཤར་གྱི་རིང་ཚད་ཧྲིལ་པོར་སྤྱི་ལེ་41ཙམ་ཟིན་པ་དང་། དེ་སྔའི་འཁོར་ལམ་གཉིས་ནས་ད་ཆ་འཁོར་ལམ་བཞི་རུ་རིམ་པ་སྤར་ཡོད་པ་རེད། རྣམ་གྲངས་ལས་མཇུག་འགྲིལ་རྗེས། ནེ་པ་ལའི་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་གྲོང་ཁྱེར་གཙོ་བོའི་དབར་གྱི་གཞུང་ལམ་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས། ས་ཁོངས་དཔལ་འབྱོར་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་བར་སྐུལ་མ་ཐེབས་རྒྱུ་ཡིན་ཞིང་། འདི་ནི་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུ་དང་གྲོང་ཁྱེར་ཆེ་གྲས་གཉིས་པ་པོ་ཁཱ་ལཱ་འབྲེལ་མཐུད་བྱེད་པའི་འགྲིམ་འགྲུལ་གྱི་མ་ལམ་གཙོ་བོ་ཡིན་པ།
འབྲེལ་ཡོད་གསར་འགྱུར།