དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རིག་གནས་སྒོ་ར་ཆུང་ཆུང་། བདེ་སྐྱིད་འབྱུང་གཞི་ཆེན་པོ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཆུང་བདག་སྒྲོལ་དཀར།   |     སྤེལ་དུས།  2026-01-17

    བོད་ལྗོངས་ལྷ་ས་ལྷུན་གྲུབ་རྫོང་མཚོ་སྟོད་ཤང་གི་གྲོང་ཚོ་ཞིག་ཏུ་སྐྱིད་སྣང་དོད་པའི་སྒོ་ར་ཆུང་ཆུང་ཞིག་ཡོད། དགུན་དུས་སུ་ས་མཐོར་གྲང་རླུང་འུར་འུར་དུ་ལྡང་ནའང་། “མང་ཚོགས་ཀྱི་སྒོ་ར་ཆུང་ཆུང”ནང་འཛུལ་བས་ན། གྲང་ངར་དེ་མ་ཉིད་དུ་ཡལ་ནས་དྲོ་སོབ་སོབ་ཀྱི་སྣང་བ་སྦྱིན། འདི་ག་ནི་ཡུལ་མི་ཚོའི་ཁ་རྒྱུན་དུ་འཇགས་པའི“རིག་གནས་སྒོ་ར”རེད།

    སྒོ་རའི་ནང་གྲོང་ཚོའི་རིག་རྩལ་རུ་ཁག་གིས་སྲོལ་རྒྱུན་གྱི་གཞས་ཆེན་འཁྲབ་བཞིན་ཡོད་ཅིང་། སྙན་པའི་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་གར་གྱི་སྟངས་སྟབས་བསྒྱུར། རྒན་རྒོན་20ལྷག་ཙམ་གྱིས་སྒོར་སྒོར་བྱས་ནས་ལ་ལས་གཞས་གཏོང་བ་དང་། ལ་ལས་མིག་མངས་རྩེ་བཞིན་འདུག ད་དུང་ལ་ལ་ཁ་ཁུ་སིམ་པོས་དཔེ་ཀློག་ལ་རོལ་བཞིན་འདུག ཕྲུ་གུ་ཚོ་ནི་རི་མོ་འབྲི་སར་སྣང་བ་སྐྱིད་པོས་རྩེད་འཇོར་རོལ་བཞིན་ཡོད་པ་དང་། གཞོན་ནུ་ཚོ་ནི་རྩལ་ནུས་གསོ་སྦྱོང་ཁང་དུ་བློ་རྩེ་གཅིག་སྒྲིམ་ངང་སློབ་ཚན་ཉན་བཞིན་ཡོད་པ་སོགས། སྒོ་ར་ཆུང་ངུ་དེར་གྲོང་ཚོའི་སྐྱེ་བོ་རྒན་དར་གཞོན་གསུམ་གྱི་དགའ་སྣང་དང་སྐྱིད་སྣང་གིས་ཁེངས་ནས་འདུག

    ས་གནས་དེ་གའི་རིག་གནས་རྒྱུན་འཛིན་རུ་ཁག་གི་རུ་དཔོན་དོན་གྲུབ་ཀྱིས“དགུན་ཟླ་རིང་མོར། སྔོན་ཆད་ཡུལ་མི་རྣམས་ཕལ་ཆེར་རང་ཁྱིམ་དུ་འཛུལ་ནས་སྡོད་པ་ཡིན་ལ། མི་མང་པོས་ག་འགྲོ་འདི་འགྲོ་མེད་པས་སེམས་པ་སྟོང་ལྷང་ལྷང་འདུག་ཟེར། ད་ཆ‘མང་ཚོགས་ཀྱི་སྒོ་ར་ཆུང་ཆུང’ཡོད་པས། འཁྲབ་སྟོན་ལྟ་བ་དང་དཔེ་དེབ་ཀློག་པར་སེམས་ཁྲལ་མེད་ལ། གོམ་པ་སྤོས་པ་ཙམ་གྱིས་དེ་གར་སླེབས་ཐུབ”ཅེས་བཤད།

    ཡུལ་མི་ཨ་ཚེ་རིང་ནི་སྒོ་ར་ཆུང་ཆུང་དུ་རྒྱུན་དུ་ཡོང་གི་ཡོད། ཁོང་གིས“སྔོན་མ་ཞབས་བྲོ་འཁྲབ་ས་དང་འཁྲབ་སྟོན་ལ་ལྟ་ས་མེད་པས། དགུན་ཁར་ཉི་མ་ལྡེ་བཞིན་ཁ་བརྡ་གློད་ནས་སྡོད་རྒྱུ་ལས་མེད། ད་ཆ་སྔོན་མ་དང་མི་འདྲ་བར། སྒོ་ར་ཆུང་ཆུང་ཡོད་ཙང་དཔེ་དེབ་ལྟ་བ་དང་མིག་མངས་རྩེ་ཆོག་ལ། ད་དུང་གཞོན་སྐྱེས་ཚོའི་ས་ནས་སྤྱི་ཚོགས་ཀྱི་གནས་ཚུལ་གསར་པའང་ཉན་རྒྱུ་ཡོད་པས། སེམས་པ་ཧ་ཅང་སྐྱིད་པོ་འདུག”ཅེས་འཛུམ་དམུལ་དམུལ་ངང་བཤད།

    “མང་ཚོགས་ཀྱི་སྒོ་ར་ཆུང་ཆུང”དུ་སྐྱོད་སྐབས། བོད་ཡིག་དཔེ་དེབ་ལྟ་ཀློག་ཁུལ་དུ་ཞིང་འབྲོག་ཚན་རྩལ་དང་ལོ་རྒྱུས་རྩོམ་རིག་སོགས་ཀྱི་དཔེ་དེབ་བསྒྲིགས་པ་དང་། གྲངས་འཛིན་གློག་བརྙན་ཁང་དུ་གློག་བརྙན་དང་། དངོས་མཚོན་པར་གཞི། ཞིང་ལས་ལག་རྩལ་གྱི་གློག་བརྙན་བཅས་སྟོན་ལ། ལག་ཤེས་འགྲེམས་སྟོན་ཁུལ་དུ་བཟོ་ལྟ་སྙིང་རྗེ་བའི་ལྷམ་དང་འཐག་རྫས་སྣ་ཚོགས་བཀལ་བ་སོགས་སོ་སོར་དབྱེ་བ་གསལ་པོ་ཕྱེ་ལ། ད་དུང་འགྲམ་དུ་དོན་དག་གྲོས་བསྡུར་བྱེད་ས་ཡོད་པས། རྒྱུན་དུ་གྲོང་ཚོའི་ལས་ཀ་ཕལ་ཆེ་བ་དེ་གར་གྲོས་བསྡུར་བྱེད་ཀྱི་ཡོད་པ་དང་གཞོན་ནུ་ཚོས་ད་དུང་ཀོག་ཧྥེ་བཟོ་སྟངས་སྦྱོང་ཆོག་གི་ཡོད།

    “མང་ཚོགས་ཀྱི་སྒོ་ར་ཆུང་ཆུང”ཧ་ཅང་འཁྲུག་པོ་དང་དར་སོ་ཆེ་བ་ནི་བོད་ཀྱིས་སྤྱི་པའི་རིག་གནས་ཞབས་ཞུ་གཞི་རིམ་ལ་ཕྱོགས་རྒྱུར་སྐུལ་འདེད་བཏང་བ་དང་གཞི་རིམ་གྱི་རིག་གནས་ས་ཚིགས་བཏོད་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་སྤྱི་པའི་ཞབས་ཞུ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ལིའུ་ཧུང་ཅིན་གྱིས། འདི་གར་ཡུལ་མི་ཚོ་ནི་ཞུགས་མཁན་ཡིན་པ་མ་ཟད། དེ་བས་སྒྲིག་འཛུགས་བྱེད་མཁན་དང་གསར་གཏོད་བྱེད་མཁན་ཞིག་ཏུ་གྱུར་ཡོད་ཅེས་ངོ་སྤྲོད་བྱས།

    དོན་གྲུབ་ཡོད་སའི་རིག་རྩལ་རུ་ཁག་དེའང་སྒོ་ར་ཆུང་ཆུང་གི་མཐུན་རྐྱེན་ལས་གྲུབ་པ་དང་། རུ་མི་ཚོས་སྒོ་ར་ཆུང་ཆུང་གི་ས་ཆ་དང་སྒྲིག་ཆས་ལ་བརྟེན་ནས་ལེ་ཚན་རྩོམ་འཁྲབ་བྱེད་ཅིང་། སྲོལ་རྒྱུན་གྱི་གཞས་ཆེན་དང་དེང་རབས་ཞབས་བྲོའི་ཁྱད་ཆོས་མཉམ་དུ་བསྲེས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་མཚོན་པའི་འཁྲབ་ཚན་ཐུང་གྲས་གསར་རྩོམ་བྱས་ཏེ་འཁྲབ་ཀྱི་ཡོད། ཁོང་ཚོས་གྲོང་ཚོ་དེ་གར་འཁྲབ་སྟོན་བྱེད་པ་མ་ཟད། ད་དུང་གདན་ཞུས་ལྟར་ཉེ་འགྲམ་ཤང་དང་ཐ་ན་གྲོང་ཁྱེར་དུའང་འཁྲབ་སྟོན་བྱེད་པར་འགྲོ་ཡི་ཡོད། “སྒོ་ར་ཆུང་ཆུང་གིས་ང་ཚོར་གར་སྟེགས་བསྐྲུན་བྱུང་ལ། ང་ཚོའི་གདེང་ཚོད་ཀྱང་ཆེ་རུ་ཕྱིན་སོང”ཞེས་དོན་གྲུབ་ཀྱིས་བཤད།

    དེ་ལྟ་བུའི་སྒོ་ར་ཆུང་ཆུང་གི་གསོན་ཤུགས་ནི་མང་ཚོགས་ཀྱི་དགོས་མཁོ་སྣ་ཚོགས་ལས་བྱུང་བ་ཞིག་ཡིན་ཞིང་། འབྲོག་ལས་གཉེར་མཁན་གྲོང་ཚོས་ཕྱུགས་རིགས་སྨན་པའི་རིམས་འགོག་གི་འཆད་ཁྲིད་ཉན་འདོད་བྱེད་པ་དང་། བུད་མེད་ཚོས་དེང་རབས་ཀྱི་བསླས་འཐག་ལག་ཤེས་སྦྱངས་ནས་འབབ་ཁུངས་མང་དུ་གཏོང་འདོད་བྱེད་པ། ཕྲུ་གུ་ཚོས་ཚན་རིག་ཁྱབ་གདལ་གྱི་འགུལ་རིས་དེ་བས་མང་བ་ལྟ་འདོད་བྱེད་པ་སོགས་ཡུལ་མི་ཚོའི་འདོད་འདུན་སྣ་ཚོགས་དོ་དམ་པས་དུས་བཀག་ལྟར་བསྡུ་ལེན་བྱས་ཏེ། མི་སེར་གྱིས“གང་འདོད་པ”སྲིད་གཞུང་གིས“དེ་སྒྲུབ་པའི”ཐོག་ནས་རིག་གནས་དང་དགོས་མཁོ་སྦྲེལ་མཐུད་གནད་སྨིན་ཐུབ་པར་བྱས་ཡོད།

    ན་ནིང་གི་ཟླ་8པར་སྒོ་ར་ཆུང་ཆུང་སྒོ་ཕྱེ་བ་ནས་བཟུང་ཁྱོན་བྱེད་སྒོ་ཐེངས་10ལྷག་ཙམ་སྤེལ་བ་དང་། རིམ་རྩིས་བརྒྱབ་ན་མང་ཚོགས་མི་ཐེངས་3000ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད་པ་རེད།

    “མང་ཚོགས་ཀྱི་སྒོ་ར་ཆུང་ཆུང”ལ་གྲུབ་འབྲས་མི་དམན་པ་ཐོབ་པ་དེ་བོད་ཀྱིས་སྤྱི་པའི་རིག་གནས་ཞབས་ཞུའི་རྨང་གཞི་རྒྱུན་མཐུད་བརྟན་དུ་བཏང་བ་དང་ཁ་འབྲལ་ཐབས་མེད། མིག་སྔའི་བར་བོད་དུ་ལྗོངས་དང་། ས་ཁུལ། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་ལྔ་ལ་ཁྱབ་པའི་སྤྱི་པའི་རིག་གནས་ཞབས་ཞུའི་དྲ་ཚིགས་བསྐྲུན་པ་དང་། རིག་གནས་ཁང་གི་བསྡོམས་འབོར་6287ཟིན་ནས་རྫོང་ཚང་མར་བྱེད་སྒོའི་ལྟེ་གནས་དང་། ཤང་ཚང་མར་རིག་གནས་ས་ཚིགས། གྲོང་ཚོ་ཚང་མར་བྱེད་སྒོ་ཁང་བཅས་ཡོད་པ་རེད།

    དགུན་དུས་ཀྱི་དྲོ་འཇམ་ཉི་འོད“མང་ཚོགས་ཀྱི་སྒོ་ར་ཆུང་ཆུང”དུ་དཔེ་ཀློག་ལ་རོལ་མཁན་རྒན་རྒོན་དང་རྩེད་འཇོར་རོལ་བའི་ཕྲུ་གུ་ཚོའི་ལུས་ལ་འཕྲོས་ནས། སྐྱིད་པའི་ཉམས་འགྱུར་ཞིག་མངོན་འོང་།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།