དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ད་ལོ་མཚོ་སྔོན་གྱིས་འབྲུ་རིགས་སྤྱི་ཆིང་ཁྲི་29.67ཡན་འདེབས་རྩིས་ཡོད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-17

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2026ལོར་མཚོ་སྔོན་གྱིས་འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་འཁྲི་གཅིག་མཚུངས་མུ་མཐུད་དམ་ནན་དུ་བཏང་ནས་འབྲུ་རིགས་དང་སྣུམ་རྒྱུའི་ལོ་ཏོག་འདེབས་ཁྱོན་སྤྱི་ཆིང་ཁྲི་29.67དང་སྤྱི་ཆིང་ཁྲི་14.8ཡན་བརྟན་འཁྱོངས་དང་། ཐོན་འབོར་ཏུན་ཁྲི་110དང་ཏུན་ཁྲི་30ཡན་སོ་སོར་བརྟན་འཁྱོངས་བྱ་རྒྱུ་རེད།

    2026ལོའི་དཔྱིད་རྨོད་ཐོན་སྐྱེད་ལ་འགན་ལེན་བྱ་ཆེད། མཚོ་སྔོན་གྱིས་ཞིང་ལས་ཐོན་སྐྱེད་ཀྱི་མ་དངུལ་སྒོར་དུང་ཕྱུར་4.34སྔ་སྣུར་དུ་གཤམ་སྤྲོད་བྱས་པ་དང་། གཞི་ཁྱོན་ཆེ་བའི་མུའུ་རེའི་ཐོན་འབོར་མཐོ་རུ་གཏོང་བའི་བྱ་སྤྱོད་12ལ་བརྟེན་ཏེ་རྫོང་གཙོ་བོར་བཟུང་ནས་ལག་བསྟར་བྱེད་ཁྱོན་ཆེ་རུ་གཏོང་བ་དང་། ས་ཁོངས་རང་བཞིན་གྱི་ཐོན་འབོར་མཐོ་བ་དང་ཕན་འབྲས་ཆེ་བའི་འདེབས་འཛུགས་རྟེན་གཞི་ཁག་གཅིག་བསྐྲུན་ནས་མུའུ་རེའི་ཐོན་འབོར་དང་སྤྱི་འབོར་མང་དུ་གཏོང་རྒྱུ་རེད།

    ད་ལོའི་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་ཇུས་འགོད་ནན་ཏན་བྱས་ཏེ་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་སྔ་སྣུར་དུ་སྤེལ་ནས་ཟླ་10པའི་ཟླ་མཇུག་གོང་དུ་འཛུཌ་སྐྲུན་སྒྱུར་བཀོད་ཀྱི་ལས་འགན་ལེགས་གྲུབ་ཐུབ་པར་འགན་ལེན་བྱ་རྒྱུ་རེད། འདུ་འགོད་ཀྱི་སྤུས་ཚད་ལ“ཕྱིར་མིག་ལྟ་བ”དང་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་རྒྱུན་མཐུད་སྤེལ་ནས་རྣམ་གྲངས་འཛུགས་པ་དང་། འདུ་འགོད་ཀྱི་སྤུས་ཚད། མ་དངུལ་དོ་དམ། སུས་འཇོན་དེ་འགུག་དང་སུས་འཇོན་དེ་ལེན། ཞིབ་བཤེར་རྩིས་ལེན་དང་བདག་སྐྱོང་སོགས་ཀྱི་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་གནད་དོན་སྐབས་བསྟུན་གཙང་བཟོ་བྱ་རྒྱུ་རེད།

    རྨོ་ཞིང་སྲུང་སྐྱོང་དང་རིམ་སྤོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྨོ་ཞིང་སྲུང་སྐྱོང་གི་ཁ་གསབ་སྲིད་ཇུས་དོན་འཁྱོལ་ནན་པོ་བྱེད་པ། རྨོ་ཞིང“འབྲུ་མིན་ཅན”བཅོས་སྒྲིག་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ། རྒྱུན་རྣམ་ངང“དྲོད་ཁང་ཆེན་པོའི”གནད་དོན་ལ་ལྟ་འདོམས་བཅས་བྱས་ཏེ་རྨོ་ཞིང་གི་སྤུས་ཚད་ཞིབ་བཤེར་དང་རྩིས་ལེན་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།