བོད་ཀྱི་སྣ་མའི་མེ་ཏོག་སྡོང་རྐང་ཁྲི་4ལྷག་ཙམ་ཀོང་ཤིས་ཀྱི་ནགས་རིར་བཏབ་པ།
ཀོང་ཤིས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཀོང་ཤིས་ཡ་ཁྲང་སྣ་མ་རིགས་ཀྱི་རྩི་ཤིང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐུལ་འདེད་འོག མི་ཐབས་གསོ་སྤེལ་བྱས་པའི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རི་སྐྱེས་སྲུང་སྐྱོབ་རྩི་ཤིང་བོད་ཀྱི་སྣ་མའི་མེ་ཏོག་སྡོང་རྐང་ཁྲི་4ལྷག་ཙམ་ཉེ་ཆར་ཀོང་ཤིས་ནུབ་བྱང་གི་བྲག་ཞུན་ནགས་ཚལ་དུ་བཏབ་པ་རེད།
མིག་སྔའི་བར། སྲུང་སྐྱོང་ཁུལ་དེས་རིམ་རྩིས་བརྒྱབ་ན་སྣ་མའི་མེ་ཏོག་སྡོང་རྐང་ཁྲི་120ལྷག་ཙམ་གསོ་སྤེལ་བྱས་པའི་ནང་སྡོང་རྐང་ཁྲི་100ལྷག་ཙམ་རི་ཐང་དུ་བཏབ་ཐུབ་པ་རེད།
འབྲེལ་ཡོད་གསར་འགྱུར།