2026ལོའི་ལྗོངས་ཡོངས་ཀྱི་དམག་བསྡུའི་ལས་དོན་གྱི་བརྙན་ལམ་ཚོགས་འདུ་འཚོགས་པ།
ཚེས་15ཉིན། 2026ལོའི་ལྗོངས་ཡོངས་ཀྱི་དམག་བསྡུའི་ལས་དོན་གྱི་བརྙན་ལམ་ཚོགས་འདུ་ལྷ་སར་འཚོགས་པ་རེད།
བོད་དམག་ཁུལ་ཁང་གི་ཧྲའོ་ཅང་དམག་དཔོན་སི་ལིན་ཡོན་གཞོན་པ་དང་རང་སྐྱོང་ལྗོངས་དམག་བསྡུའི་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་རྣམ་རྒྱལ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་དམག་བསྡུའི་འགོ་ཁྲིད་ཚོགས་ཆུང་དང་ཁོངས་མིའི་ཚན་པའི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་བ་དང་། 2026ལོའི་རྒྱལ་ཡོངས་ཀྱི་དམག་བསྡུའི་ལས་དོན་གྱི་བརྙན་ལམ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། དམག་བསྡུའི་ལས་དོན་ཡག་པོ་སྤེལ་བའི་དོན་སྙིང་འགངས་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། དམག་བསྡུའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། དམག་འཐབ་ཀྱི་ཆེད་དུ་དམག་མི་བསྡུ་བར་དམིགས་ནས་གྲ་སྒྲིག་ཡག་པོ་བྱས་ཏེ་ཤེས་ལྡན་པ་མཁོ་སྤྲོད་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ་དང་། བབ་བསྟུན་གྱི་བྱེད་སྟངས་དང་བྱ་ཐབས་སྤྱད་དེ་དྲིལ་བསྒྲགས་ལ་དམ་འཛིན་བྱས་ནས་དམག་བསྡུའི་དྲིལ་བསྒྲགས་ཀྱི་དུས་རབས་ཀྱི་བསམ་པ་དང་གོ་ཆོད་རང་བཞིན་ཆེ་རུ་གཏོང་བ། འགག་རྩའི་ལྷུ་ཚིགས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་སྤུས་ཚད་ལ་དམ་འཛིན་བྱས་ནས་གཟུགས་པོ་བརྟག་དཔྱད་དང་། ཆབ་སྲིད་དཔྱད་ཞིབ། དམག་ནང་མ་ཞུགས་གོང་གི་སློབ་གསོ་སོགས་འགག་སྒོ་གལ་ཆེན་ནན་པོ་སྲུང་བ། སྒྲིག་ཁྲིམས་དང་སྒྲིག་ལམ་དམ་ནན་དུ་བཏང་སྟེ་སྤྱོད་གཙང་ལ་དམ་འཛིན་བྱས་ཁར། སྤྱོད་གཙང་གཞུང་དྲང་གི་དམག་བསྡུའི་ཁོར་ཡུག་བསྐྲུན་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།