དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • རང་ལྗོངས་ཀྱིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྒོར་དུང་ཕྱུར་387.47བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-01-17

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྗོངས་ཡོངས་ཀྱི་བཅོལ་གསོག་ལས་བཟོ་ཁྲི་48.22ཀྱིས་སྡོད་ཁང་སྤྱི་གསོག་མ་དངུལ་སྒོར་དུང་ཕྱུར་1440.94བཅོལ་གསོག་བྱས་པ་དང་། མི་ཐེངས་ཁྲི་91.72ཀྱིས་སྡོད་ཁང་སྤྱི་གསོག་མ་དངུལ་སྒོར་དུང་ཕྱུར་816.61བླངས་པ། སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྒོར་དུང་ཕྱུར་387.47བཏང་ནས། བཅོལ་གསོག་ལས་བཟོ་ཁྲི་6.02ཀྱི་སྡོད་ཁང་ཆ་རྐྱེན་ལེགས་སུ་གཏོང་རོགས་བྱས་པས། གནས་ཐང་འཕར་གྲངས་བསྡོམས་སྒོར་དུང་ཕྱུར་14.84ཟིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱིས་སྡོད་ཁང་གི་སྤྱི་གསོག་མ་དངུལ་གྱི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། སྡོད་ཁང་གི་སྤྱི་གསོག་མ་དངུལ་ཕྱོཌ་སྡེབས་་དང་། བུན་གཏོང་། ལེན་པ། དཔྱད་ཞིབ། འགྲན་རྩོད་རང་བཞིན་གྱི་དངུལ་བཅོལ་སོཌ་ཀྱི་སྒྱུར་བཅོས་བྱེད་ཐབས་ཁག་13བཟོས་པ་དང་། དངུལ་ལེན་ཆོག་པའི་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་། བུན་གཏོང་དངུལ་གྲངས་མང་དུ་གཏོང་བ། སྤྱི་གསོག་མ་དངུལ་བླངས་ནས་ཁང་པའི་ཐོག་མའི་འཇལ་དངུལ་བྱེད་པ། སྡོད་ཁང་གི་སྤྱི་གསོག་མ་དངུལ་དང་ཚོང་ལས་དངུལ་བུན་ཟུང་དུ་འབྲེལ་བའི་ཞིང་ཆེན་བརྒལ་བའི་སྣ་བསྡུས་དངུལ་བུན་གྱི་ཚོད་ལྟའི་ལས་དོན་སྔོན་ལ་སྤེལ་བ་སོགས་ཀྱི་བྱེད་ཐབས་བརྒྱུད། སྤྱི་གསོག་མ་དངུལ་གྱི་གཟིཌ་སྐྱོང་སྲིད་ཇུས་ཡག་ཤོས་ཁྱབ་གདལ་བཏང་ནས། དམངས་འཚོ་འགན་སྲུང་དང་ལེགས་གཏོང་དང་དེ་བཞིན་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་ཆེད་སྤྱི་གསོག་མ་དངུལ་གྱི་སྟོབས་ཤུགས་བརྟན་པོ་ཞིག་མཁོ་འདོན་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།