དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོའི་རྒྱལ་ཡོངས་ཀྱི་ཚོང་ལས་རང་བཞིན་གྱི་འཁྲབ་སྟོན་ལ་སྤ་སེའི་ཡོང་འབབ་སྒོར་དུང་ཕྱུར་616ལྷག་ཙམ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-16

    ཉེ་ཆར། གསར་འགོད་པར་ཀྲུང་གོ་འཁྲབ་སྟོན་ལས་རིགས་མཐུན་ཚོགས་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2025ལོར་རྒྱལ་ཡོངས་ཀྱི་འཁྲབ་སྟོན་ཁྲོམ་ར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་འཕེལ་ཕྱོགས་གསར་པ་མངོན་ཡོད། མཐུན་ཚོགས་ཀྱི་སྤ་སེའི་ལས་དོན་ཆ་འཕྲིན་འཚོལ་བསྡུ་ལས་སྟེགས་ཀྱི་ལྟ་ཞིབ་ཚད་ལེན་དང་བརྟག་ཞིབ་ཚད་ལེན་ཞིབ་རྩིས་ལ་གཞིགས་ན། 2025ལོར་རྒྱལ་ཡོངས་ཀྱི་ཚོང་ལས་རང་བཞིན་གྱི་འཁྲབ་སྟོན(རོལ་རྩེད་བྱ་ཡུལ་གྱི་འཁྲབ་སྟོན་ཚུད་མེད)ཐེངས་ཁྲི་64.04བྱས་པ་དེ་བསྡུར་གཞི་ཡོད་པའི་ཚད་གཞི་གཞིར་བཟུང་2024ལོ་ལས་6.58%འཕར་བ་དང་སྤ་སེའི་ཡོང་འབབ་སྒོར་དུང་ཕྱུར་616.55ཟིན་པ་དེ་དུས་མཚུངས་ལས་6.39%འཕར་བ། ལྟད་མོ་བ་མི་ཐེངས་དུང་ཕྱུར་1.94ཟིན་པ་དེ་དུས་མཚུངས་ལས་4.22%འཕར་ཡོད།

    གྲངས་གཞི་ལས་མངོན་པར། 2025ལོར་རྒྱལ་ཡོངས་ཀྱི་མི་5000ཡན་གྱི་ཚོང་ལས་རང་བཞིན་གྱི་འཁྲབ་སྟོན་ཆེ་གྲས་ཀྱི་སྤ་སེའི་ཡོང་འབབ་སྒོར་དུང་ཕྱུར་324.48ཟིན་པ་དེ་དུས་མཚུངས་ལས་9.49%འཕར་བ་དང་གླུ་གཞས་འདུ་ཚོགས་དང་། རོལ་དབྱངས་དུས་ཆེན་སོགས་འཁྲབ་སྟོན་ཆེ་གྲས་ས་གནས་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། 2025ལོར་རྒྱལ་ཡོངས་ཀྱི་ཡུལ་སྐོར་འཁྲབ་རྩལ་རྣམ་གྲངས་ཆེ་འབྲིང་གི་འཁྲབ་སྟོན་ཐེངས་ཁྲི་19.87བྱས་པ་དེ་དུས་མཚུངས་ལས་4.95%འཕར་བ་དང་། སྤ་སེའི་ཡོང་འབབ་སྒོར་དུང་ཕྱུར་174.42ཟིན་པ་དེ་དུས་མཚུངས་ལས་6.43%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།