དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨ་རིའི་དམངས་ཁྲོད་མཛའ་མཐུན་གྱི་གཏམ་རྒྱུད་སྙན་པོ་བརྩམས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ​ཀྲོང་ཧན་ཅེ།   |     སྤེལ་དུས།  2026-01-16

    “ལོ་ལྔའི་མི་ཁྲི་ལྔའི”གྲོས་འགོ་ལག་ལེན་བསྟར་བ་ནས་བཟུང་། ཨ་རིའི་གཞོན་ནུ་ལོ་ཆུང་ཁག་དང་ཁག་བྱས་ཏེ་ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་ལ་ཡོང་ནས་ཀྲུང་གོའི་གཞོན་ནུ་ལོ་ཆུང་དང་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ཡོང་བར་བྱས་ཏེ་ཨ་རི་དང་ཀྲུང་གོའི་དབར་མཛའ་གྲོགས་ཀྱི་གཏམ་རྒྱུད་སྙན་པོ་མང་པོ་བརྩམས་ཡོད།

    གཏམ་རྒྱུད་ཀྱི་འབྱུང་རྐྱེན་ནི་1993ལོའི་ལོ་མཇུག་བར་འདེད་ཆོག་ཅིང་། སྐབས་དེ་དུས་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཡིན་པའི་ཞི་ཅིན་ཕིང་གིས་ཨ་རིའི་ཝ་ཧྲིང་ཐོན་ཀྲོའུ་ཐ་ཁོ་མཱ་གྲོང་ཁྱེར་ལ་འཚམས་འདྲིར་ཕེབས་པ་དང་། ཁོང་སྐུ་ངོ་མའི་སྐུལ་མའི་འོག་ཧྥུའུ་ཀྲོའུ་གྲོང་ཁྱེར་དང་ཐ་ཁོ་མཱ་གྲོང་ཁྱེར་གཉིས་ཕྱི་ལོ་དེར་མཛའ་གྲོགས་གྲོང་ཁྱེར་ལ་གྱུར་ནས། ས་གནས་གཉིས་པོའི་དམངས་ཁྲོད་སྤེལ་རེས་ལ་རྩ་ཆེའི་ས་བོནབཏབ་ཡོད།

    ལོ་20ལྷག་ཙམ་གྱི་རྗེས་སུ་ས་བོན་དེར་མེ་ཏོག་བཞད་ནས་འབྲས་བུ་ཐོགས་པའི་དུས་སྐབས་གལ་ཆེན་ཞིག་བསུས་ཡོད། 2015ལོར་ཀྲུའུ་ཞི་ཞི་ཅིན་ཕིང་ཐ་ཁོ་མཱ་གྲོང་ཁྱེར་དུ་འཚམས་འདྲིར་ཕེབས་ཉེར་ཡོད་པའི་གནས་ཚུལ་ཐོས་སྐབས་སེམས་འགུལ་ཚད་མེད་ཐེབས་བྱུང་། འཚམས་འདྲི་གནང་རིང་ཀྲུའུ་ཞི་ཞི་ཅིན་ཕིང་ངའི་མ་ཡུམ་སློབ་གྲྭ་ལིན་ཁེན་སློབ་འབྲིང་དུ་ཕེབས་ནས་ཨ་རིའི་གཞོན་ནུ་ལོ་ཆུང་སློབ་མར་གཟིགས་པ་དེས་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་བྱུང་།

    ཐེངས་འདིའི་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲིར་བསུ་བ་ཞུ་ཆེད། ལིན་ཁེན་སློབ་འབྲིང་གི་དགེ་སློབ་ཚོས་གྲ་སྒྲིག་ཞིབ་ཚགས་བྱས་པའི་དམིགས་བསལ་གྱི་ཕྱག་རྟགས་ཤིག་ཡོད་པ་དེ་ནི་རྒྱ་གཞས《རེ་བའི་ཞིང་ས》ཞེས་པ་དེ་རེད། སྤྱིར་ན་རྒྱ་སྐད་གཏན་ནས་མི་ཤེས་པའི་ཨ་རིའི་བྱིས་པར་མཚོན་ན་དེ་ནི་འགྲན་སློང་ཆེན་པོ་ཞིག་ཡིན་པ་སྨོས་མི་དགོས། འོན་ཀྱང་སྤྲོ་སེམས་དང་འབད་བརྩོན་ལ་བརྟེན་ནས་ཁོང་ཚོས་ཧུར་ཐག་སྦྱངས་ཏེ་ཉིན་དགུ་ལས་མ་སོང་བར་ནང་སྦྱོང་བྱས་ཟིན་། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ལིན་ཁེན་སློབ་འབྲིང་དུ་ཕེབས་དུས་སྙན་འཇེབས་ལྡན་པའི་གླུ་སྒྲ་སློབ་གྲྭའི་ནང་ནས་གྲགས་ཤིང་ཟོལ་མེད་ཀྱི་གླུ་སྒྲས་མི་ཚང་མར་སེམས་འགུལ་ཆེན་པོ་ཐེབས། “ངས་ལིན་ཁེན་སློབ་འབྲིང་གི་སློབ་མ་100སང་ལོ་ཀྲུང་གོར་མགྲོན་པོར་གདན་ཞུ་བྱེད་འདོད་ཡོད”ཅེས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཟིགས་སྐོར་གནང་རིང་ཟོལ་མེད་ཀྱི་གདན་ཞུ་གནང་བ་རེད། དེ་རྗེས་ཞི་བདེ་རྒྱ་མཚོ་ཆེན་པོ་བརྒལ་བའི་མཛའ་གྲོགས་དེ་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་ཟམ་མི་ཆད་པར་རྒྱུན་མཐུད་བྱུང་ཡོད།

    2018ལོ་ནི་དབུན་ཁྲོན་ས་ཡོམ་བརྒྱབ་ནས་ལོ་10སོང་བའི་ལོ་ཡིན་ཞིང་། “ཨ་རི་དང་ཀྲུང་གོའི་གཞོན་ནུ་ལོ་ཆུང་སློབ་མའི་སྤེལ་རེས་མཐུན་ཚོགས”ཀྱིས་སི་ཁྲོན་གྱི་སློབ་འབྲིང་སློབ་མ་30ཨ་རིར་འཚམས་འདྲིར་ཡོང་རྒྱུའི་སྒྲིག་འཛུགས་དང་བཀོད་སྒྲིག་བྱས་ཡོད། 2023ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཀྲུང་གོ་དང་ཨ་རིའི་འབྲེལ་བའི་རེ་བ་དེ་མི་དམངས་དང་། རྨང་གཞི་དེ་དམངས་ཁྲོད། འབྱུང་འགྱུར་དེ་གཞོན་ནུ། གསོན་ཤུགས་དེ་ས་གནས་བཅས་ལ་ཡོད”ཅེས་གསུངས་པ་དང་། ཁོང་གིས“ཀྲུང་གོ་ཕྱོགས་ཀྱིས་འབྱུང་འགྱུར་ལོ་5ཡི་རིང་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་5ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་ལ་གདན་ཞུ་བྱེད་འདོད་ཡོད”ཅེས་གསུངས་ཡོད། དེ་རྗེས་གྲོས་འགོ་དེའི་སྒྲོམ་གཞིའི་འོག་ཨ་རིའི་གཞོན་ནུ་ལོ་ཆུང་ཁག་མང་པོ་སྔ་རྗེས་སུ་ཀྲུང་གོར་འཚམས་འདྲིར་སླེབས་ཡོད། 2024ལོའི་ཟླ་6པར་ཨ་རིའི་གཞོན་ནུ་ལོ་ཆུང་ཁག་གསར་པ་ཀྲུང་གོར་ཡོང་ནས་2024ལོའི“ཀུའུ་ལིན་ལས་འཕྲོ”ཞེས་པའི་ཀྲུང་གོ་དང་ཨ་རིའི་གཞོན་ནུ་ལོ་ཆུང་གི་སྤེལ་རེས་གཟའ་འཁོར་ལ་ཞུགས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བྱེད་སྒོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས“གཞོན་ནུ་ནི་གསོན་ཤུགས་ཆེ་ཤོས་དང་ཕུགས་བསམ་ཆེ་ཤོས་ཡོད་པ་ཞིག་ཡིན་པས། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་འབྱུང་འགྱུར་དེ་གཞོན་ནུར་རག་ལས་ཡོད”ཅེས་ནན་བཤད་གནང་བ་རེད།

    2025ལོར་དེ་བས་བརྗིད་ཉམས་ལྡན་པའི་མཛའ་གྲོགས་རོལ་དབྱངས་ཤིག་དཀྲོལ་ཞིང་། ལོ་དེའི་ཟླ་1ཚེས་1ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཨ་རིའི་ཝ་ཧྲེང་ཐོན་ཀྲོའུ་སློབ་འབྲིང་གི་དགེ་སློབ་འཐུས་མིར་ལོ་གསར་གྱི་རྟེན་ཤོག་ཕུལ་ནས་ལོ་གསར་གྱི་སྨོན་འདུན་ཞུས་པ་དང་། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་ལོ་ཆུང་ཚོས“འབྱུང་འགྱུར་ལོ་ལྔའི་ནང་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་5ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་ལ་གདན་འདྲེན་ཞུ་བའི”གྲོས་འགོའི་ནང་མུ་མཐུད་ཧུར་ཐག་ཞུགས་ནས་སྤེལ་རེས་དང་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་རྒྱུས་མངའ་ལོན་པ་བྱེད་པ། སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་འཛིན་བཅས་བྱས་ནས། ཀྲུང་གོ་དང་ཨ་རིའི་འབྲེལ་བ་འཕེལ་རྒྱས་དང་འཛམ་གླིང་ཞི་བདེར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད།

    “ལོ་ལྔའི་ནང་མི་ཁྲི་ལྔའི”གྲོས་འགོ་ལག་ལེན་བསྟར་བ་ནས་བཟུང་། ཨ་རིའི་གཞོན་ནུ་ལོ་ཆུང་ཁག་དང་ཁག་བྱས་ཏེ་ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་ལ་ཡོང་ནས་ཀྲུང་གོའི་གཞོན་ནུ་ལོ་ཆུང་དང་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ཡོང་བར་བྱས་ཏེ་ཨ་རི་དང་ཀྲུང་གོའི་དབར་མཛའ་གྲོགས་ཀྱི་གཏམ་རྒྱུད་སྙན་པོ་མང་དག་བརྩམས་ཡོད། དེ་དག་གིས་སྐད་རིཌ་དང་རིག་གནས་མི་འདྲ་བའི་ལྷག་བསམ་རྣམ་དག་གི་སྤེལ་རེས་ལས་དྲོ་སྐྱིད་དང་བརྗིད་ཉམས་ལྡན་པའི་སྟོབས་ཤུཌ་གཅིག་ཏུ་འདུས་པ་གསོན་ཉམས་དོད་པོས་ར་སྤྲོད་བྱས་ཡོད།

    (རྩོམ་པ་པོ་ནི་ཨ་རིའི་ཝ་ཧྲིང་ཐོན་ཀྲོའུ་ཡི“ཨ་རི་དང་ཀྲུང་གོའི་གཞོན་ནུ་ལོ་ཆུང་སློབ་མའི་སྤེལ་རེས་མཐུན་ཚོགས”ཀྱི་ཚོགས་གཙོ་ཡིན)

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།