ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་ཀྱིས་གསར་འགྱུར་ཇ་སྟོན་གཉེར་ནས་ལོ་བརྒྱའི་འཕོ་འགྱུར་དང་མིག་སྔའི་ཀྲུང་གོའི་ཕྱི་འབྲེལ་སྐོར་གླེང་བ།
ཚེས་13ཉིན། ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་ཀྱིས་པེ་ཅིང་དུ་གསར་འགྱུར་ཇ་སྟོན་གཉེར་ནས་ཀྲུང་གོ་མི་དམངས་སློབ་ཆེན་རྒྱལ་སྤྱིའི་འབྲེལ་བ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཚུའེ་ཧྲོའུ་ཅུན་གདན་དྲངས་ནས“ལོ་བརྒྱའི་འཕོ་འགྱུར་དང་མིག་སྔའི་ཀྲུང་གོའི་ཕྱི་འབྲེལ”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་དང་སྤེལ་རེས་བྱས་པ་རེད།
ཚུའེ་ཧྲོའུ་ཅུན་གྱིས། འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བའི་རྒྱབ་ལྗོངས་འོག ཀྲུང་གོས་སེམས་སུ་གནམ་འོག་འཆང་བ་མཐའ་འཁྱོངས་བྱས་ཏེ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཅས་བཏོན་ནས། དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བརྟན་པོ་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་དང་ལག་གདང་སྦྲེལ་ནས་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་སྟེ། ད་ཆའི་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་ངེས་གཏན་རང་བཞིན་བསྣན་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།