2025ལོར་རི་པིན་གྱི་མ་རྩ་བརྡིབས་པའི་ཁེ་ལས་ཀྱི་གྲངས་འབོར་ལོ་རྒྱུས་ཐོག་མང་ཤོས་ཟིན་པ།
ཉིན་ཤས་གོང་། རི་པིན་གྱི་ཐོ་ཁེའོ་ཧྲང་ཀུང་བརྟག་དཔྱད་ཀུང་སིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་པར། 2025ལོར་རི་པིན་གྱི་མ་རྩ་བརྡིབས་པའི་ཁེ་ལས་ཀྱི་གྲངས་འབོར་2013ལོ་ཚུན་གྱི་མང་ཤོས་ཡིན་པ་རེད།
གྲངས་གཞི་ལས་མངོན་པར། 2025ལོར་རི་པིན་དུ་བུ་ལོན་བསྡོམས་འབོར་རི་པིན་སྒོར་མོ་ཁྲི་1000(མི་དམངས་ཤོག་སྒོར་ཁྲི་43.9ཙམ་ཡིན་པ)ཡན་ཟུག་ནས་་མ་རྩ་བརྡིབས་པའི་ཁེ་ལས་ཁྲི་1.03ཟིན་པ་དེ་ལོ་གོང་མ་ལས་2.9%འཕར་བ་དང་། 2022ལོ་ནས་བཟུང་ལོ་4བསྟུད་མར་འཕར་ཡོད། མ་རྩ་བརྡིབས་པའི་ཁེ་ལས་ནས་བཅུ་ཆ་དགུ་ཙམ་ནི་ཁེ་ལས་འབྲིང་ཆུང་རེད། བུ་ལོན་ཟུག་ཚད་རི་པིན་སྒོར་མོ་དུང་ཕྱུར་གཅིག(མི་དམངས་ཤོག་སྒོར་ཁྲི་439ཙམ་ཡིན་པ)མ་ཟིན་པའི་ཁེ་ལས་ཀྱིས་77%བཟུང་བ་དང་། དེ་ནི་འདས་ཟིན་པའི་ལོ་སུམ་ཅུའི་ནང་གི་མཐོ་ཤོས་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།