ལྷོ་ཨ་ཧྥེ་རི་ཁར“ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་ཆོས་རིག་གནས་སྤེལ་རེས་ལོ”འགོ་ཚུགས་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ།
“ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་ཆོས་རིག་གནས་སྤེལ་རེས་ལོ”འགོ་ཚུགས་པར་རྟེན་འབྲེལ་ཞུ་ཆེད། ཚེས་12ཉིན། ལྷོ་ཨ་ཧྥེ་རི་ཁར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ལྷོ་ཨ་ཧྥེ་རི་ཁའི་སྲིད་འཛིན་རྒྱལ་ས་ཕི་རི་ཐོ་རི་ཡར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ་རེད། ལྷོ་ཨ་ཧྥེ་རི་ཁའི་གུང་ཁྲན་ཏང་རྒྱལ་སྤྱིའི་འབྲེལ་བའི་ཧྲུའུ་ཅི་མ་ཏིང་སི་སོགས་ལྷོ་ཨ་ཧྥེ་རི་ཁའི་སྲིད་ཕྱོགས་ཀྱི་མི་སྣ་དང་དེ་བཞིན་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་དང་རིག་གནས་ལས་རིགས་ཀྱི་འཐུས་མི་སོགས་མི་100ཙམ་ཚོགས་འདུར་ཞུགས་ཡོད།
ད་ལོ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་ལོ་ཞིག་རེད། ལྷོ་ཨ་ཧྥེ་རི་ཁར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝུའུ་ཕེང་གིས་ཤིས་ཚིག་སྒྲོན་སྐབས། ལོ་ངོ་70ཡི་རིང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་ཆོས་རིག་གནས་འགྲོ་འོང་མངོན་གསལ་དོད་པའི་གྲུབ་འབྲས་མང་པོ་ཐོབ་ཡོད། དེང་སྐབས་འཛམ་གླིང་གིས་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བརྒྱུད་བཞིན་ཡོད་པས། ཀྲུང་གོ་དང་ཨ་ཧྥེ་རི་ཁ་རྒྱལ་ཁབ་གཉིས་པོས་དེ་སྔའི་དུས་གང་ཞིག་ལས་ཀྱང་གཞུང་དྲང་དང་དྲང་བདེན་བརྟན་སྲུང་བྱེད་པ་དང་། མཐུན་སྒྲིལ་རོགས་རེས་ལ་ཤུགས་སྣོན་རྒྱག་པ། སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱེད་དགོས་ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།