སྟག་ལུང་དུ་མདོ་ལ་རིང་མོ་སྲུང་བཞིན་པ།

འདི་ནི་ཟླ་1ཚེས་8ཉིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་ཁོངས་ཀྱི་སྟག་ལུང་དུ་མི་དམངས་ཉེན་རྟོག་པ་དང་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པས་མི་མེད་གནམ་གྲུ་སྤྱད་ནས་སྐོར་སྲུང་བྱེད་བཞིན་པ།

འདི་ནི་ཟླ་1ཚེས་9ཉིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་ཁོངས་ཀྱི་སྟག་ལུང་དུ་མི་དམངས་ཉེན་རྟོག་པ་ཀུའོ་ཅན་ཡེ་ཡིས་རྒྱང་ཤེལ་ནས་རྒྱང་རིང་ལ་ལྟ་བཞིན་པ།
མདོ་ལ་རིང་མོ་ནི་ཀྲུང་གོའི་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་གལ་ཆེན་ཞིག་ཡིན་པ་དང་དེས་ནུབ་བྱང་ས་ཁུལ་གྱི་སྐྱེ་ཁམས་མ་ལག་བརྟན་པོ་རྒྱུན་འཁྱོངས་བྱེད་བཞིན་ཡོད། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་དུ་གནས་པའི་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་འོས་འདེམས་ཁུལ་གྱི་མཚོ་སྔོན་ཡུག་ཁུལ་དུ་ཡོད་པའི་འཇུ་ལག་རྫོང་སྤྱི་བདེ་ཅུས་འཇུ་ལག་ནགས་ཚལ་སྤྱི་བདེ་མངགས་གཏོང་ཁང་སྟག་ལུང་སྐྱེ་ཁམས་ཉེན་དོན་ཁང་ནི་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་འོས་འདེམས་ཁུལ་གྱི་མཚོ་སྔོན་ཡུག་ཁུལ་དུ་བཙུགས་པའི་སྐྱེ་ཁམས་ཉེན་དོན་ཁང་དང་པོ་དེ་རེད།
འབྲེལ་ཡོད་གསར་འགྱུར།