དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ། བདེ་སྐྱིད་རྨང་གཞི་བརྟན་དུ་བཏང་།

    ​——ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་དར་རྒྱས་ཤང་གིས་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་གསར་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-16


    འདི་ནི་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་དར་རྒྱས་ཤང་གི“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། དམངས་ཡོངས་ལུས་སྦྱོང་བྱས་ནས་ཕུགས་འདུན་འགྲུབ”ཅེས་པའི་ལུས་རྩལ་འགྲན་ཚོགས་སྐབས་གསུམ་པ་དང་གླིང་ཁ་འགོ་ཚུགས་པའི་དུས་ཆེན་གཏོང་བཞིན་པ།

    ཉེ་བའི་ལོ་ཤས་རིང་། དར་རྒྱས་ཤང་གིས་ཏང་འཛུགས་སྐྱོང་ཁྲིད་སྟོན་དུ་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་དམངས་འཚོ་ལེགས་གཏོང་དང་རིག་གནས་མཉམ་འདྲེས་དང་ཟུང་འབྲེལ་བྱས་ཏེ“སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བའི”གསོན་ཉམས་དོད་པའི་རྣམ་པ་ཞིག་བཏོད་ཡོད།

    བྱེད་ཐབས་བཟང་པོས་སེམས་ཀྱི་ཞིང་ས་བརླན། མཐུན་སྒྲིལ་རྨང་གཞི་དེ་བས་བརྟན་དུ་བཏང་།

    མི་རིགས་མཐུན་སྒྲིལ་གྱི་སྤེལ་རེས་བྱེད་སྒོར་བགྲེས་སོང་ཉི་མས་ལོ་བཅུ་གྲངས་ཁ་ཤས་རིང་ཁྱིམ་མཚེས་དབར་ཕན་ཚུན་རོགས་རམ་དང་ཕན་ཚུན་ལྟ་སྐྱོང་བྱས་པའི་རྒྱུན་གཏན་འཚོ་བའི་སྐོར་གྱི་གཏམ་རྒྱུད་ལྷུག་པོར་བརྗོད་སྐབས་དེ་གར་ཡོད་པའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་སེམས་འགུལ་ཆེན་པོ་ཐེབས་ཡོད། བྱེད་སྒོ་དེ་ནི་དར་རྒྱས་ཤང་གིས་འཆད་ཁྲིད་སྣ་ཚོགས་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས(སུའོ)མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི“གཡུལ་ས་གཙོ་བོར”བསྐྲུན་པའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད།

    ཉེ་བའི་ལོ་ཤས་རིང་། དར་རྒྱས་ཤང་གིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས(སུའོ)ཀྱི་ཁྱབ་འགྱེད་སྣེ་ཁྲིད་ནུས་པ་བཏོན་ཏེ། ཤང་ཡོངས་ཀྱི་གྲོང་ཚོ་ཨུ་ལྷན་བདུན་དུ་དུས་རབས་ཀྱི་སྤྱོད་ཚུལ་གསར་པ་དར་སྤེལ་གཏོང་བ་དང་གོམས་སྲོལ་བསྒྱུར་བ་སོགས་ཀྱི་རིག་གནས་བྱེད་སྒོ་སྤེལ་བར་བརྟེན། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། མཉམ་འགུལ་སྤེལ་རེས་ཁྲོད་མི་རིགས་ཁག་གི་མང་ཚོགས་ཀྱི་རིག་གནས་ཀྱི་གདེང་ཚོད་དང་སྤོབས་སེམས་ཆེ་རུ་ཕྱིན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་རིག་གནས་ཀྱི་སྒུལ་ཤུགས་བསྣན་ཡོད།

    དམངས་འཚོར་མཁོ་བའི་སེམས་སྦྲེལ་ཟམ་པ་བཙུགས། བདེ་སྐྱིད་སྤྲོ་སྣང་དེ་བས་འཕེལ་བར་བྱས།

    དར་རྒྱས་ཤང་དུ་མི་རིགས་མཐུན་སྒྲིལ་ནི་བསམ་བློའི་ཐུན་མོང་ངོས་འཛིན་ལས་མངོན་པ་མ་ཟད། ད་དུང་དམངས་འཚོའི་བདེ་རྩ་ཆེར་གཏོང་ཁྲོད་དོན་འཁྱོལ་ཐུབ་ཡོད། དར་རྒྱས་ཤང་གིས“ལས་བྱེད་པ་ཚོགས་པར་ཞུགས་པའི”ལས་ཀའི་ལམ་སྲོལ་གསར་གཏོད་ཁྱབ་གདལ་གཏོང་བ་དང་། ཤང་ཡོངས་ཀྱི་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་གྲོང་མིའི་ཚོགས་ཆུང་ཁག་ཏུ་སྐྱོད་པ། གཅིག་སྡུད་སྒྲོག་འགྲེལ་དང་། དུད་ཚང་དུ་བསྐྱོད་ནས་འཚམས་འདྲི། སྐད་འཕྲིན་ཚོགས་པའི་ནང་སྲིད་ཇུས་དྲིལ་བསྒྲགས་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱོད་པ། ཞིང་དར་ཞིང་ཕན་གྱི་སྲིད་ཇུས་དྲིལ་བསྒྲགས་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་འབྲེལ་ཡོད་སྲིད་ཇུས་གཙོ་གནད་ཐོག་འགྲེལ་བཤད་རྒྱག་པ་བཅས་བྱས་ནས། མང་ཚོགས་ཚོས་སྲིད་ཇུས་ཀྱི་ནང་དོན་དང་རེ་ཞུའི་བརྒྱུད་རིམ་གསལ་རྟོགས་ཐུབ་པར་བྱས་ཡོད།

    ཡུལ་མི་བློ་བཟང་གིས་དྲིལ་བསྒྲགས་ལག་དེབ་ནན་ཏན་ལྟ་བཞིན“སྔོན་མ་དངུལ་སྤྲད་ན་དགའ་པོ་བྱེད་པ་ལས་སྲིད་ཇུས་ཀྱི་སྐོར་གང་ཡང་ཤེས་ཀྱི་མེད། ད་ཆ་སྲིད་ཇུས་སྒྲོག་འགྲེལ་བྱས་པ་བརྒྱུད་རྒྱལ་ཁབ་ཀྱིས་ང་ཚོ་འབྲོག་ཁུལ་ལ་ཐུགས་ཁུར་དང་མང་ཚོགས་ཚང་མར་ཐུགས་ཁུར་གང་ལེགས་གནང་བ་གསལ་པོ་ཤེས་བྱུང”ཞེས་བཤད།

    རིག་གནས་མྱོང་རོལ་རྣམ་པས་མི་སེམས་འགྲིལ། ཐུན་མོང་ཁྱིམ་གཞིས་བརྩེ་བ་སྔར་བས་ཟབ།

    རྒྱལ་སྟོན་རིང་། དར་རྒྱས་ཤང་གི་ཁྱིམ་ཚང་ཞིག་གི་ཚོམས་ཆེན་ནས་ཇ་བསྲུབས་མ་དང་ཟླ་མཆོད་བག་ལེབ་ཀྱི་དྲི་ཞིམ་འཐུལ་ཞིང་། ཚོམས་ཆེན་ནང་མི་རིགས་མང་པོའི་གྲོགས་པོ་མཉམ་དུ་འཛོམས་ནས་དུས་ཆེན་གཏོང་བཞིན་འདུག ཚང་མའི་སྐུལ་ལྕག་འོག་རྒྱ་རིགས་ཀྱི་སྐུ་མགྲོན་ལི་ལགས་ཀྱིས་ཤེས་ལ་མ་ཤེས་ངང་སྒོར་གཞས་འཁྲབ་པས་ཚང་མས་ཡག་པོ་འདུག་ཅེས་བསྔགས་བརྗོད་བྱས། རྨོ་བོ་བདེ་སྐྱིད་ལགས་ཀྱིས་དགའ་སྤྲོའི་ངང་རང་ཉིད་ཀྱིས་བཟོས་པའི་ཕྱུར་ར་སྐུ་མགྲོན་ཚོར་བཀྱགས་ནས“བྲོ་བ་གཟིགས་དང་། མངར་མོ་རེད”ཅེས་བཤད་པ་དང་ལི་ལགས་ཀྱིས་དགའ་ཚོར་ཆེན་པོས་ཕྱུར་ར་བླངས་ནས་བྲོ་བ་བལྟས།

    བསམ་བློའི་སྣེ་ཁྲིད་ནས་དམངས་འཚོ་ལེགས་གཏོང་བར་དང་དེ་ནས་རིག་གནས་མྱོང་རོལ་བར། དར་རྒྱས་ཤང་གིས་གོམ་སྟབས་བརྟན་པོས་གངས་ལྗོངས་ས་མཐོར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལམ་བུ་ཞིག་བཏོད་ཡོད། ད་ཆ། དེ་གར་མི་རིགས་ཁག་གི་མང་ཚོགས་ཚོས་དཔུང་པ་མཉམ་གཤིབ་ངང་འབབ་འཐབ་དང་ལྟ་རེས་སྐྱོང་རེས་བྱེད་པའི་རྣམ་པ་བཟང་པོ་གང་སར་མཐོང་རྒྱུ་ཡོད་ལ། མཐུན་སྒྲིལ་འཆམ་མཐུན་དང་ཐུན་མོང་འཕེལ་རྒྱས་ཀྱི་རྣམ་པ་ཡང་ཉིན་རེ་ལས་མ་འདས་པར་ཟབ་ཏུ་འགྲོ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།