ཆབ་མདོ་གྲོང་ཁྱེར་གྱིས་གྲོང་སྡོད་ཞབས་ཞུ་དང་དོ་དམ་གྱི“མཐའ་མའི་འགག་གནད”བསལ་བ།
ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་གྲོང་སྡོད་ལས་དོན་གྱི་སྤུས་འབྲས་ལེགས་གཉེར་གྱི་དམིགས་ཚད་ལ་དམིགས་པ་དང་། “མཐའ་འཁྱོངས་གསུམ” དམ་འཛིན་བྱ་གཞིར་བྱས་པ། དོ་དམ་བྱེད་སྟངས་རྒྱུན་ཆད་མེད་པར་གསར་གཏོད་དང་ལས་ཀའི་ལམ་སྲོལ་ལེགས་སུ་བཏང་སྟེ། གྲོང་སྡོད་དོ་དམ་དེ“རགས་ལས་རྣམ་པ”ནས“ཞིབ་ཚགས་ཅན”དུ་འགྱུར་བར་སྐུལ་འདེད་བཏང་བ་དང་ཆབས་ཅིག ཚན་རྩལ་གྱིས་མཐུན་རྐྱེན་སྦྱར་ཏེ་གྲོང་སྡོད་ཞབས་ཞུ་དང་དོ་དམ་གྱི“མཐའ་མའི་འགག་གནད”བསལ་བ་རེད།
གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་གྲོང་སྡོད་ཞབས་ཞུ་དང་དོ་དམ་གྱི“འགག་གནད་དང་དཀའ་གནད”བསལ་ཞིང་། བརྟག་དཔྱད་བརྒྱུད་ཤེས་རྟོགས་བྱུང་བའི་གྲོང་སྡོད་ལས་བྱེད་པ་སློབ་སྦྱོང་དང་གསོ་སྦྱོང་ནང་ཞུགས་པ་དང་། ཚོགས་འདུ་སྣ་ཚོགས་ལ་ཞུགས་པ། གཞུང་དོན་སྒྲུབ་པར་སྐྱོད་རིང་འགྲོ་སྐྱོད་སྟབས་མི་བདེ་བ་དང་། འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཅུང་ཆེ་བ། ཡིག་ཆའི་དགོངས་དོན་དུས་ཐོག་ཏུ་བརྒྱུད་བསྒྲགས་མི་ཐུབ་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ཆབ་མདོ་གྲོང་ཁྱེར་གྱིས་རྫོང(ཆུས)ཁག་གི་གྲོང་སྡོད་གཞུང་དོན་ཁང་སྔ་རྗེས་སུ་སྒྲིག་འཛུགས་བྱས་ནས་ཆེད་དོན་གྲོས་མོལ་ཚོགས་འདུ་ཐེངས་10ལྷག་ཙམ་འཚོགས་ཏེ། ཐུན་མོང་ཐོག་གྲོས་བསྡུར་དང་དབྱེ་ཞིབ་བརྡར་གཅོད་བྱས་པ་བརྒྱུད། གནད་དོན་བཅོས་སྒྲིག་གི་ཆེད་དོན་སྙན་ཞུ་2དང་བསམ་འཆར་དང་གྲོས་འགོ་ཁག་10ལྷག་ཙམ་གྲུབ་ཅིང་། མཐར་གློག་འཕྲིན་དང་སྒུལ་འཕྲིན་སོགས་དྲ་རྒྱའི་གཉེར་སྐྱོང་ཚོང་པ་བརྒྱུད། ལས་བྱེད་པའི་གྲོང་སྡོད་ལས་ཀའི“བློ་རིག”ཞབས་ཞུའི་དོ་དམ་ལས་སྟེགས་བཙུགས་ཏེ། གྲོང་སྡོད་ལས་དོན་རུ་ཁག་གི་ཞབས་ཞུ་དོ་དམ་གྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་སྔར་བས་གཏོང་རྒྱུའི་གཏན་འཁེལ་བྱས་ཡོད།
གནད་སྨིན་ཇུས་བསྟར་མཐའ་འཁྱོངས་བྱས་ཏེ“སྤུས་འབྲས་ལེགས་གཉེར”གྱི་སྒུལ་ཤུགས་འཕེལ་བར་བྱས་ཤིང་། རྫོང(ཆུས)དང་། ཤང་དང་གྲོང་རྡལ(ཁྲོམ་གཞུང) གྲོང་ཚོ(སྡེ་ཁུལ)བཅས་ཁག་གི་དངོས་ཡོད་གནས་ཚུལ་ལ་དམིགས་ནས། “བློ་རིག”ཞབས་ཞུ་དོ་དམ་ལས་སྟེགས་སྤྱད་རྗེས་ཀྱི་གྲོང་སྡོད་ལས་བྱེད་པའི་བསམ་འཆར་དང་གྲོས་འགོ་རང་འགུལ་ངང་བསྡུ་རུབ་བྱས་པ་དང་། “དྲ་ཐོག་ལྟ་ཀློག་དང་། བརྙན་ལམ་ཚོགས་འདུ། དྲ་ཐོག་ཐོ་འགོད”སོགས་ཉེར་སྤྱོད་ནུས་པ་སྐབས་བསྟུན་ཁ་སྣོན་བྱས་པ། དྲ་རྒྱའི་སྡེ་ཚན་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ《རྫོང(ཆུས)ཀྱི་བློ་རིག་ཞབས་ཞུ་དོ་དམ་ལས་སྟེགས་ཀྱི་ཇུས་གཞི》ཁག་11གྲོས་མོལ་བྱས་ནས་བཟོས་པ། ནོར་སྲིད་ནས་མ་དངུལ་སྒོར་ཁྲི་2020ལྷག་ཙམ་མཐུན་སྦྱོར་རེ་ཞུ་བྱས་པ། “གྲོང་ཚོ་ཀུན་ཁྱབ་དང་། ཐེན་དབྱི་སྤྲིན་ཚོམ། སྤྲིན་ཚོམ་བརྙན་འཕྲིན”སོགས་དྲ་རྒྱའི་མ་ལག་ལ་བརྟེན་ནས་གྲོང་སྡོད་ལས་དོན་གྱི“བློ་རིག”ཞབས་ཞུའི་དོ་དམ་ལས་སྟེགས་ཁག་11བཙུགས་པ། དྲ་རྒྱའི་བརྙན་ལེན་ཡོ་བྱད་2200ལྷག་ཙམ་བསྒར་བ་བཅས་ལས་ཚད་དང་གོ་རིམ་ལྡན་པ་དང་། བྱེད་ནུས་ཆ་ཚང་བ། གྲུབ་ཚུལ་ལུགས་དང་མཐུན་པ་བཅས་ཀྱི་ཞབས་ཞུའི་ལས་སྟེགས་མ་ལག་ཅིག་གྲུབ་ཡོད།
ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་རྒྱུ་མཐའ་འཁྱོངས་བྱས་ཏེ“བློ་རིག་དོ་དམ”གྱི་རྨང་གཞི་བརྟན་དུ་བཏང་ཞིང་། ཆབ་མདོ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གྲོང་སྡོད་དོ་དམ་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་པ་དང་། “གྲོང་ཁྱེར་ཨུ་ལྷན་གྱིས་སྤྱི་འདོམས་དང་། རྫོང་དང་ཤང་གིས་དམ་འཛིན་གཙོ་བོ་བྱེད་པ། གྲོང་ཚོ་དང་སྡེ་ཁུལ་གྱིས་དོན་འཁྱོལ”བཅས་བྱེད་པའི་རིམ་གསུམ་མཉམ་འགུལ་མ་ལག་བཙུགས་པ།“དྲ་སྦྲེལ+”གི་བྱ་ཐབས་ལ་བརྟེན་པའི་ཁར“བློ་རིག”ལས་སྟེགས་སྤྱད་དེ་ལས་སྒོ་གསོ་སྦྱོང་དང་། ལས་ཀའི་སྙན་ཞུ་ཉན་པ། ལས་ཐོག་འགན་སྒྲུབ་བཀོད་གཏོང་སོགས་ཀྱི་ལས་དོན་སྤེལ་བ། གྲོང་སྡོད་ལས་བྱེད་པས་དྲ་ཐོག་ནས་སློབ་སྦྱོང་དང་ཐོ་འགོད་བྱེད་པར་སྐུལ་འདེད་བཏང་བ། གྲོང་སྡོད་ལས་དོན་གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་གཅིག་འཐུས་རྣམ་པའི་ཞབས་ཞུའི་དོ་དམ་མངོན་འགྱུར་ཡོང་བར་བྱས་པ། གྲོང་སྡོད་རུ་མིས་ཆ་འཕྲིན་ཅན་གྱི་ཐབས་ལ་བརྟེན་ནས་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པའི་འཇོན་ཐང་ཆེ་རུ་བཏང་བ་བཅས་བྱས་པས། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་པ་དེ་གྲོང་སྡོད་དོ་དམ་གྱི“ཚད་འཛིན་སར”གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།