དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • དྲན་རྟེན་དངོས་པོ་ལྗིད་ཏིག་ཏིག དམངས་ཀྱི་སེམས་པ་ཚ་སོབ་སོབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-16


    འདི་ནི་དྲན་རྟེན་དངོས་པོ་སྤྲོད་ཡུལ་ཡིན་པ།

    འདི་ནི་མང་ཚོགས་ཀྱིས་དགའ་ཚོར་ཆེན་པོས་དྲན་རྟེན་དངོས་པོ་ལེན་བཞིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀརྨ་དགོན་གསར་སྡེ་ཁུལ་དུ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་དྲན་རྟེན་དངོས་པོ་སྤྲོད་པའི་བྱེད་སྒོ་སྤེལ་བ་དང་། སྡེ་ཁུལ་གྱི་ལས་དོན་པས་གཙོ་འཛིན་གྱི་སྐུ་པར་དང་ཇ་ལྟིར་སོགས་དྲན་རྟེན་དངོས་པོ་གྲོང་མིའི་ལག་ཏུ་སྤྲད་པ་རེད། ལས་དོན་པས་ལས་བགོས་ཡག་པོ་བྱས་ཏེ་དྲན་རྟེན་དངོས་པོ་གོ་རིམ་ལྡན་པའི་ངང་སྤྲོད་ཐུབ་པར་འགན་ལེན་བྱས་པ་དང་། གྲོང་མི་ཚོས་འཚོ་བའི་འཕོ་འགྱུར་ལྷུག་པོར་གླེང་སྟེ། ཏང་དང་སྲིད་གཞུང་གི་ཐུགས་ཁུར་ལ་ཐུགས་རྗེ་ཆེ་ཞུས་པ་རེད། ད་ཐེངས་ཀྱི་དྲན་རྟེན་དངོས་པོ་སྤྲོད་པའི་བྱེད་སྒོ་ནི་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60སོང་རིང་གི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་དྲན་གསོ་ཞུ་བའི་བྱེད་སྒོ་ཞིག་རེད་ལ། ཏང་གིས་མང་ཚོགས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་གསོན་ཉམས་དོད་པོས་མཚོན་པ་ཞིག་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།