གློག་ཤུགས་བདེ་འཇགས་སྒྲོག་འགྲེལ་གྱིས། གློག་སྤྱོད་བདེ་འཇགས་འགན་ལེན་བྱས།

སྣང་རྫོང་གློག་འདོན་ཀུང་སིའི་དྲ་མིག་ཅིང་ལིས་ཇ་ཁང་དུ་གློག་རིན་སྐོར་དྲིལ་བསྒྲགས་བྱེད་བཞིན་པ།

སྣང་རྫོང་གློག་འདོན་ཀུང་སིའི་དྲ་མིག་ཅིང་ལིས་སྣང་པ་གྲོང་ལྷན་དུ་གློག་རིན་སྐོར་དྲིལ་བསྒྲགས་བྱེད་བཞིན་པ།
ཉེ་ཆར། རྒྱལ་ཁབ་གློག་དྲ་སྣང་རྫོང་གློག་འདོན་ཀུང་སིས་ལས་མི་སྒྲིག་འཛུགས་བྱས་ནས་དྲ་མིག་ཡུག་ཁུལ་སོ་སོར་བསྐྱོད་ནས། དུས་ཡུན་གཟའ་འཁོར་གཅིག་གི་ཆུ་ཤུགས་ཆུང་བའི་སྐབས་ཀྱི་གློག་རིན་སྲིད་ཇུས་དང་གློག་སྤྱོད་བདེ་འཇགས་སྐོར་གྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། ལས་དོན་པས་སྣང་རྫོང་གི་ཆུ་ཤུགས་ཆུང་བའི་སྐབས་ཀྱི་གློག་སྤྱོད་ཀྱི་དཀའ་ངལ་དངོས་དང་ཟུང་འབྲེལ་ཐོག“རང་སར་འགྲེལ་བཤད་རྒྱག་པ་དང་། དཔེ་མཚོན་དབྱེ་ཞིབ། དྲི་བ་དྲིས་ལན་བཅས་ཟུང་འབྲེལ”གྱི་རྣམ་པ་བརྒྱུད་གྲོང་མིར་ཆུ་ཤུགས་ཆུང་བའི་སྐབས་ཀྱི་གློག་རིན་སྲིད་ཇུས་ལག་ལེན་བསྟར་བའི་དུས་ཚོད་དང་། གློག་རིན་བསྡུ་བའི་ཚད་གཞི། ལེགས་སྒྲིག་བྱས་པའི་དོན་སྙིང་བཅས་ལ་འགྲེལ་བཤད་ཞིབ་ཚགས་པོ་བརྒྱབ་ཡོད།
འབྲེལ་ཡོད་གསར་འགྱུར།