ལྷོ་ཁ་གྲོང་ཁྱེར་གྱིས་དྲ་ཚོང་ཐོན་ལས་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
ཉེ་ཆར། 2025ལོའི་ལྷོ་ཁ་གྲོང་ཁྱེར་གྱི་སྐབས་དང་པོའི་དྲ་ཐོག་ཚོང་དོན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐད་གཏོང་འགྲན་བསྡུར་ཆེན་པོ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་ཡོད། ད་རེས་ཀྱི་འགྲན་བསྡུར་ཆེན་པོའི་ནང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྗོད་དོན་གཙོ་བོར་བྱས་ཏེ“འགྲན་བསྡུར་ལ་བརྟེན་ནས་སློབ་སྦྱོང་དང་གསར་གཏོད་ལ་སྐུལ་འདེད་གཏོང་བའི”བྱེད་སྟངས་བརྒྱུད་ལྷོ་ཁའི་དྲ་ཐོག་ཐོན་ལས་ལ་རྩལ་ནུས་འགྲན་བསྡུར་དང་ཉམས་མྱོང་སྤེལ་རེས་ཀྱི་ལས་སྟེགས་བསྐྲུན་ནས། ཁྱད་ལྡན་ཐོན་ལས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་རམ་འདེགས་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད།
ལྷོ་ཁ་གྲོང་ཁྱེར་གྱི་བདམས་ཐོན་པ་19འགྲན་བསྡུར་ཆེན་པོའི་ནང་ཞུགས་ཤིང་། བདམས་ཐོན་པས“ངས་ལྷོ་ཁའི་ཐོན་རྫས་ཤིག་ལ་མགྲིན་ཚབ་བྱེད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་རང་ཡུལ་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་དང་། ལག་ཤེས་བཟོ་རྩལ་ཐོན་རྫས། རིག་གནས་ཡུལ་སྐོར་ཐོན་ཁུངས་བཅས་འོས་སྦྱོར་བྱས་ཏེ་གསོན་ཉམས་ལྡན་པའི་འགྲེལ་བཤད་དང་གསར་གཏོད་མཚོན་ཚུལ་ལ་བརྟེན་ནས་ལྷོ་ཁའི་ཡུལ་ཟོག་བཟང་པོའི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་པ་རེད། དཔྱད་ཞིབ་ཚོགས་པས་ས་ཡུལ་དངོས་ཀྱི་བཤད་མཁས་ལོས་དང་ཚོང་གཉེར་ཐབས་ཇུས་སོགས་ཕྱོགས་མང་པོ་ནས་སྐར་གྲངས་དཔྱད་བསྡུར་བྱས་ཏེ། མཐར“ལྷོ་ཁའི་ཐོན་རྫས་ཕུལ་བྱུང་གི་འོས་སྦྱོར་དཔོན”5བདམས་པ་རེད། དྲ་ཐོག་ཚོང་དོན་གྱི་ཁེ་ལས་ཚོགས་པ་དང་མི་སྒེར་གྱི་དྲ་ཐོག་གྲགས་ཅན་གྱི་བྱ་དགའ་ཁག་ལ་བྱ་དགའ་ཨང་དང་པོ་དང་། ཨང་གཉིས་པ། ཨང་གསུམ་པ་བཅས་བཟོས་ཡོད་པ་དང་། བོད་ལྗོངས་ཅ་མུའུ་སྐྱེ་ཁམས་ཞིང་འབྲོག་ཚད་ཡོད་ཀུང་སིར་ཁེ་ལས་ཚོགས་པའི་བྱ་དགའ་ཨང་དང་པོ་ཐོབ་པ་དང་བདམས་ཐོན་པ་ཀརྨ་ཆོས་འཛོམས་ལ་མི་སྒེར་གྱི་དྲ་ཐོག་གྲགས་ཅན་གྱི་བྱ་དགའ་ཨང་དང་པོ་ཐོབ་པ་རེད།
འབྲེལ་ཡོད་གསར་འགྱུར།