གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གིས་ཚོང་ཟོག་ཐེངས་དང་པོ་ཕྱིར་གཏོང་བྱས་པ།
ཉེ་ཆར། “རྒྱལ་རྩེ་རྟགས་ཅན”གྱི་ལག་ཤེས་བོད་རུམ་སྤུས་དག་ཨ་རིའི་པི་ཧྥུའུ་ལི་རི་གྲོང་གི་ཨན་མན་གསོལ་མགྲོན་ཁང་དུ་དངོས་སུ་བཏང་བ་དེ་ཐོག་ནས། རྒྱལ་རྩེའི་ཚོང་ཟོག་སྒོ་ཁྲལ་གནས་ཞུ་བྱས་ཏེ་ཐེངས་དང་པོ་ཕྱིར་གཏོང་ཐུབ་པ་མཚོན་ཡོད་ལ། རྫོང་དེའི་ཚོང་ཟོག་ཕྱི་ཚོང་ཕྱིར་གཏོང་བྱེད་མྱོང་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།
ད་ཐེངས་ཀྱི་ཕྱིར་གཏོང་ཚོང་ཟོག་ནི་བོད་ལྗོངས་སྣམ་བུའི་གྱོན་ཆས་ཚན་རྩལ་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་ཤིང་། ཀུང་སི་དེ་ནི་ཧྲང་ཧའེ་ཧྲ་ཅོན་ཀུང་སིས་བོད་དུ་བཙུགས་པའི་མ་རྩ་ཡོངས་བཞག་ཡན་ལག་ཀུང་སི་གཉིས་པ་དེ་ཡིན་པ་དང་། རྒྱལ་རྩེར་བཙུགས་ནས་ལོ་གཅིག་ཀྱང་མ་འགོར་བར་ཞིབ་འཇུག་གསར་སྤེལ་ཇུས་འགོད་དང་། གོ་ལ་ཧྲིལ་པོའི་ཁྲོམ་ར་རྒྱ་སྐྱེད། སྣམ་བུའི་ལག་ཤེས་བཟོ་རྩལ་བཅས་རྒྱལ་སྤྱི་ཅན་གྱི་ཕྱིར་ཚོང་མངོན་འགྱུར་ཐུབ་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཕྱིར་གཏོང་བྱས་པའི་ལག་ཤེས་བོད་རུམ་དག་རྩེར་སོན་མངག་བཀོད་ཚོང་ཟོག་གི་ཁོངས་སུ་གཏོགས་པ་དང་། པི་ཧྥུའུ་ལི་རི་གྲོང་གི་ཨན་མན་གསོལ་མགྲོན་ཁང་གི་མགྲོན་ཁང་དུ་སྤྱོད་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།