དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྤྱི་བསྒྲགས།

    ​(2026ལོའི་ཟླ་1ཚེས་14ཉིན་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་ བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གྲོས་འཆམ་བྱུང་བ)

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-16

    ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་2026ལོའི་ཟླ་1ཚེས་12ཉིན་ནས་ཚེས་14ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཨུ་ཡོན་120དང་ཟུར་ཞུགས་མི་སྣ་265ཡོད་པ་རེད།

    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚང་འཛོམས་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ་དང་། ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོགས་འདུར་ཞུགས་ཡོད་པ་རེད།

    ཚང་འཛོམས་གྲོས་ཚོགས་དེ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་གནང་ཞིང་། ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན། 2025ལོའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་ཕྱོགས་སྡོམ། 2026ལོའི་ལས་འགན་བཀོད་སྒྲིག་བཅས་བྱས་པ་མ་ཟད། བློ་མཐུན་ལི་ཞི་ཡིས་ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་གནང་བའི《ཚད་གཞི་དེ་བས་མཐོ་བ་དང་བྱེད་ཐབས་དེ་བས་ཏན་ཏིག་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་བཏང་སྟེ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པར་འགན་ལེན་བརྟན་པོ་བྱེད་དགོས》ཞེས་པའི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

    ཚང་འཛོམས་གྲོས་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཤིང་། ཚང་མས་གསུང་བཤད་ནང་འདས་ཟིན་པའི་ལོ་གཅིག་རིང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོར་ཁས་ལེན་གང་ལེགས་གནང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བའི་འགག་རྩའི་དུས་སྐབས་ལ་དམིགས་ནས། ཚད་གཞི་དེ་བས་མཐོ་བ་དང་བྱེད་ཐབས་དེ་བས་ཏན་ཏིག་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་བཏང་སྟེ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བར་འགན་ལེན་བརྟན་པོ་བྱེད་པའི་ཐད་འཐབ་ཇུས་བཀོད་སྒྲིག་གནང་བ་མ་ཟད། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་ལ་ཐུགས་རེ་ཟབ་མོའང་བཅོལ་གནང་ཡོད། གསུང་བཤད་དེ་ནི་དུས་བབ་ཕྱག་གཟིགས་དང་། གཟིགས་རྒྱང་ཡངས་པ། དགོངས་དོན་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ། ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པ་ཞིག་ཡིན་པས། དེས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་ཅེས་ངོས་འཛིན་གཅིག་མཐུན་བྱུང་བ་དང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཐོག འགན་འཁྲིའི་འདུ་ཤེས་དང་འབད་འཐབ་ཀྱི་སྙིང་སྟོབས་ཆེ་རུ་གཏོང་བ་དང་། ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པ། འགན་འཁྲི་གཙང་སྒྲུབ་བྱེད་པ། ཏང་གི་འོས་འགན་དང་འགན་འཁྲི་མངོན་འགྱུར་བཅས་ཡོང་བར་དམ་པོར་དམིགས་ནས། རྒྱུན་སྲིང་ལྷོད་མེད་ངང་ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བློ་བརྟན་འགྱུར་མེད་ངང་སྤྱོད་གཙང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ། ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་དང་འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པོ་བཅས་བྱས་ཏེ། དུས་བཀག་ལྟར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད།

    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། 2025ལོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་རང་ངོས་གསར་བརྗེར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་བཏང་བ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འགག་སྒྲོལ་དཀའ་སེལ་དང་དཀའ་སྤྱད་འབད་འཐབ་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གོམ་སྟབས་བརྟན་པོ་གསར་པ་ཞིག་སྤོས་ཡོད། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དང་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་འབད་འབུངས་བྱས་ཏེ། “གཏན་འཁེལ་གཉིས”ལ་དེ་བས་བརྩི་བཀུར་མཐའ་གཅིག་ཏུ་ཞུས་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་པ། ཏང་གི་མཐུན་སྒྲིལ་གཅིག་གྱུར་ལ་སྲུང་སྐྱོང་བྱ་ཆེད་དེ་བས་འཐབ་འཛིང་བརྟན་པོ་དང་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་སྲུང་སྐྱོང་བྱ་ཆེད་འཐབ་འཛིང་བརྟན་པོ་བྱས་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གྲུབ་འབྲས་གསར་པར་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་འགན་སྲུང་ནུས་ལྡན་བྱས་ཡོད། ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་དྲིལ་བསྒྲགས་དང་གསལ་འགྲེལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཁོངས་གཏོགས་ཡོངས་སུ་དགོངས་པ་སློབ་སྦྱོང་དང་། བདེན་དོན་རྟོགས་པ། དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་པར་སྣེ་ཁྲིད་བྱས་ཏེ། སྒྲིག་བཤེར་ལྟ་ཞིབ་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱས་ཡོད། “སྲུང་སྐྱོང་གཉིས”ཀྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ལ་དམ་པོར་དམིགས་ནས། ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཆབ་སྲིད་ཀྱི་སྐོར་ཞིབ་བྱེད་ཟབ་ཏུ་བཏང་བ། སྤུས་ཚད་མཐོ་པོས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་སུ་སྐོར་ཞིབ་ཡོངས་སུ་ཁྱབ་པར་བྱས་ཏེ། ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་ལ་འགན་སྲུང་ནུས་ལྡན་བྱས་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ་དང་། “སྤྱོད་ཚུལ་བཞིའི”གནད་དོན་ངན་རེངས་ཡོ་བཅོས་ནན་པོ་བྱས་པ། སྒྲིག་འགལ་ངང་བཟའ་འཐུང་བྱས་པ་སོགས་ཀྱི་དཔེ་མཚོན་གྱོད་དཔེར་ཞིབ་བཤེར་ཐག་གཅོད་ནན་པོ་དང་ཡོངས་བསྒྲགས་བརྡ་ཁྱབ་བཏང་སྟེ་ཏང་ཡོངས་སུ་སྔར་བས་སྤྱོད་ཚུལ་ལེགས་གཏོང་དང་སྲོལ་གསར་འཛུགས་པར་སྐུལ་འདེད་བཏང་ཡོད། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་བ་དང་། དངུལ་རྩ་དང་། གཞུང་ཁོངས་ཁེ་ལས། ནུས་རྒྱུ། མེ་གསོད། རྡོ་ཐ། སྨན་རྫས། མཐོ་སློབ། ལུས་རྩལ། གསར་སྤེལ་ཁུལ། སྤྱི་ཕན་དགེ་སྒྲུབ། བདེ་འཇགས་ཐོན་སྐྱེད། ལས་གྲྭ་འཛུགས་སྐྲུན། འོས་སྐུལ་འོས་དཔོད་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་རུལ་སུངས་བཅོས་སྒྲིག་གཏིང་ཟབ་བྱས་པ། རུལ་སུངས་བྱེད་སྟངས་གསར་པ་དང་མངོན་མེད་རུལ་སུངས་གནད་དོན་ལ་བརྟག་དཔྱད་ཀྱི་དཔང་རྟགས་ཀྱི་མཛུབ་ཁྲིད་བྱ་ཐབས་བཏོན་པ། ངན་རུལ་མཉམ་བཤེར་མཉམ་བཅོས་གཏིང་ཟབ་བྱས་པ། དུས་རབས་གསར་པར་སྤྱོད་གཙང་རིག་གནས་འཛུགས་སྐྱོང་གི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་གཏན་འབེབས་ལག་བསྟར་བྱས་པ། རུལ་སུངས་ཐོན་ས་དང་ཐོན་རྐྱེན་མེད་པ་བཟོ་བར་ཤུགས་སྣོན་ཧུར་ཐག་བརྒྱབ་ཡོད། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་གཏིང་ཟབ་བྱས་པ་དང་། “ཆུང་ས་ཆུང་རུལ”ལ་ཆད་པ་ནན་པོ་བཅད་པ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་བས། མང་ཚོགས་ལ་ཐོབ་སྣང་དེ་བས་མང་བ་བྱུང་ཡོད། སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས་ལ་ཕྱོགས་ཡོངས་ནས་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་མངགས་གཏོང་བྱ་རྒྱུ་ལེགས་སྒྲུབ་བྱས་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཁྲིམས་སྲོལ་ལམ་ལུགས་དང་ལྟ་ཞིབ་བཅའ་ཁྲིམས་ཀྱི་ལེ་ལག་ཚང་བའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་བཏང་བ། ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ནུས་ཕྱོད་དུ་སྒྱུར་བར་སྐུལ་འདེད་སྔར་ལས་ཡག་པ་བཏང་ཡོད། “སྒྲིག་བཤེར་ལྟ་ཞིབ་ལས་དོན་ལུགས་མཐུན་ཅན་དང་། ཁྲིམས་སྐྱོང་ཅན། ཚད་ལྡན་ཅན་བཅས་སུ་འཛུགས་སྐྱོང་བྱེད་པའི་ལོའི”བྱ་སྤྱོད་ཏན་ཏིག་སྤེལ་བ་དང་། རང་ངོས་འཛུགས་སྐྱོང་གི“སྣ་འདུས་ཐབས་བཟང”བཏོན་པ། སྒྲིག་བཤེར་ལྟ་ཞིབ་ཀྱི་དཔུང་ཧྲག་འཛུགས་སྐྱོང་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱས་ཡོད། གྲུབ་འབྲས་ཁས་ལེན་བྱེད་པ་དང་ཆབས་ཅིག སྒྲིག་བཤེར་ལྟ་ཞིབ་ལས་དོན་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཐད་གནས་པའི་གནད་དོན་ལ་དངོས་ཐོག་བདེན་འཚོལ་གྱིས་དབྱེ་ཞིབ་བྱས་པ་དང་། ཚད་མཐོའི་མཐོང་ཆེན་དང་ཐག་གཅོད་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་དུས་བབ་དང་ལས་འགན་གསར་པ་འཕྲད་ཡོད། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་བབ་ལ་བརྡར་ཤ་ཡང་དག་བཅད་པ་དང་ལས་འགན་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་གནང་བའི་ཐད་གཅིག་གྱུར་ཡོང་བ་བྱས་ཐོག “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བ་བྱེད་པ་དེས་ཏང་གི་མཐུན་སྒྲིལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པའི་ཐད་བཏོན་པའི་དེ་བས་མཐོ་བའི་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། ཏང་ཡོངས་ཀྱིས“གཏན་འཁེལ་གཉིས”ལ་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”ཐུབ་པ་བྱེད་པར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བ་བྱེད་པ་དེས་དབང་ཆ་འདི་ཉིད་ལམ་ལུགས་ཀྱི་རླུང་ཙིའི་ནང་འཇུག་པའི་ཐད་བཏོན་པའི་དེ་བས་མཐོ་བའི་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། ལམ་ལུགས་ལ་བརྟེན་ནས་དབང་ཆ་བཅོས་སྒྲིག་དང་སྒྲིག་སྲོལ་ལྟར་དབང་ཆ་སྤྱོད་པར་བློ་བརྟན་འགྱུར་མེད་ངང་ཤུགས་སྣོན་རྒྱག་པ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བ་བྱེད་པ་དེས་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པའི་ཐད་བཏོན་པའི་དེ་བས་མཐོ་བའི་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་ཡག་པོ་བསྐྱོད་པ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བ་བྱེད་པ་དེས་ཐེག་པ་ཁུར་ལེན་ལ་ལྕག་སྐུལ་བྱེད་པའི་ཐད་བཏོན་པའི་དེ་བས་མཐོ་བའི་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། ཏང་ཡོན་ལས་བྱེད་པས་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་རིང་ལས་སྒྲུབ་ལས་གཏོད་བྱེད་པར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། 2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་རེད་ལ། རང་རེའི་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་ལོ་ཡང་རེད། ད་ལོའི་ལས་དོན་ཡག་པོ་སྒྲུབ་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན། ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། “གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ། རུལ་སུངས་ཐོན་ས་དང་ཐོན་རྐྱེན་སྔར་བས་ནུས་ལྡན་ངང་མེད་པར་བཟོ་བ། “སྒྲིག་བཤེར་ལྟ་ཞིབ་ལས་དོན་ལུགས་མཐུན་ཅན་དང་། ཁྲིམས་སྐྱོང་ཅན། ཚད་ལྡན་ཅན་བཅས་སུ་འཛུགས་སྐྱོང་བྱེད་པའི་ལོའི”བྱ་སྤྱོད་རྒྱུན་མཐུད་སྤེལ་བ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བར་འགན་ལེན་བརྟན་པོ་བྱེད་དགོས།

    དང་པོ། ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས། ཏང་ཡོངས་ཀྱིས་སེམས་ནུས་གཅིག་སྒྲིལ་ངང“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ཏང་ཡོན་ལས་བྱེད་པས་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་ནས། གདེང་ཚོད་བརྟན་པོ་དང་། དངོས་སྒྲུབ། འགན་འཁུར་ཕོད་པ། རང་གཅུན་བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ་དང་། རང་རྟོགས་ངང་ཆོས་ཉིད་ལྟར་བྱ་བ་སྒྲུབ་པ། མི་དམངས་ཀྱི་ཆེད་དུ་སྲིད་དོན་ལས་རྗེས་འཇོག་པ་དང་། དངོས་སྒྲུབ་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་པར་སྐུལ་འདེད་གཏོང་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་བཏང་ནས། བློ་གཅིག་སེམས་གཅིག་མིན་པ་དང་། ཁ་ཞེ་མི་མཐུན་པའི“ངོ་གཉིས་མ”གཙང་སེལ་མཐའ་གཅིག་ཏུ་བྱེད་པ་དང་། “ཡོད་པ་བདུན”གྱི་གནད་དོན་ཐག་གཅོད་ལ་ཤུགས་སྣོན་རྒྱག་པ། བསམ་བློའི་ཐད་ཀྱི་རང་མོས་རིང་ལུགས་དང་། ཆབ་སྲིད་ཐད་ཀྱི་སྐབས་འཚོལ་རིང་ལུགས། རྩ་འཛུགས་ཐད་ཀྱི་ཕྱོགས་རིས་རིང་ལུགས། ལས་ཀའི་ཐད་ཀྱི་རང་གཅེས་རིང་ལུགས། འགན་སྒྲུབ་ཐད་ཀྱི་མི་བཟང་རིང་ལུགས་བཅས་བཅོས་སྒྲིག་ནན་པོ་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་ཏན་ཏིག་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱལ་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་མགྱོགས་མྱུར་འཛུགས་པ་སོགས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་པ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ། མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ། རྒྱུན་རྣམ་ཅན་གྱི་སྒོ་ནས་དབུལ་ལོག་དང་དབུལ་པོ་ཆགས་རྒྱུ་བཀག་འགོག་བྱེད་པ། ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་སེལ་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ་སོགས་ཀྱི་ལས་འགན་དང་བླང་བྱར་དམིགས་ནས། དུས་ཐོག་ཏུ་རྗེས་སྙེག་ལྟ་སྐུལ་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་བདེ་བླག་ངང་སྤོ་ཐུབ་པའི་འགན་ལེན་བྱེད་དགོས།

    གཉིས་པ། སྤྱོད་བཟང་སྒྲིག་ནན་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། སྐྱིད་འདོད་རིང་ལུགས་དང་བག་མེད་ལོངས་སྤྱོད་ཀྱི་སྤྱོད་ཚུལ་རྒྱུན་མཐུད་བཀག་འགོག་ནན་པོ་བྱས་ཏེ། སྒྲིག་འགལ་ངང་ཟ་འཐུང་དང་ལག་རྟགས་དང་འབུལ་རྟེན་སྤྲོད་ལེན་སོགས་འབྱུང་སླ་བ་དང་ཐོན་མང་བའི་གནད་དོན་བཅོས་སྒྲིག་གཏིང་ཟབ་བྱེད་དགོས། བརྟག་ཞིབ་རྟོག་ཞིབ་དང་། ཏང་འཛུགས་སྐྱོང་གི་བྱེད་སྒོ་སྤེལ་བ། གསོ་སྦྱོང་བྱེད་པ་བཅས་ལ་ཁ་གཡར་ནས་གཞུང་དངུལ་སྤྱད་དེ་ཡུལ་སྐོར་དུ་འགྲོ་བ་དང་། ངོ་བོ་འགྱུར་ནས་གཞུང་དངུལ་སྤྱད་དེ་ཕྱི་རྒྱལ(རྒྱལ་སྒྲོལ)ལ་ཡུལ་སྐོར་དུ་འགྲོ་བ་སོགས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། དམངས་འཚོའི་རྣམ་གྲངས་ལ་ཁ་གཡར་ནས་སྒྲིག་འགལ་ངང་ལས་ཁང་ཚོགས་ཁང་མགྲོན་ཁང་སོགས་གཞུང་ཁང་ཆེ་རིགས་བསྐྲུན་པ་སོགས་ཀྱི་འཕེལ་ཕྱོགས་གསར་པར་དོ་སྣང་ཆེན་པོ་བྱེད་པ་དང་འབྲེལ་ཡོ་བཅོས་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་རྒྱུན་མཐུད་བཅོས་སྒྲིག་བྱས་ཏེ། སྐབས་བརྗེ་ལ་ཉེ་བའི་སྐབས་སུ་རེ་སྒུག་བབ་ལྟ་དང་ལས་ཀ་ཡག་པོ་མི་བྱེད་པ་དང་། སྐབས་བརྗེས་རྗེས་མིག་མདུན་གྱི་ཁེ་ཕན་ལ་རྔམ་ནས“རྐང་རྗེས་ལག་བསུབས”བྱེད་པ་དང་། “སྲིད་དོན་ལས་རྗེས”ཀྱི་འདུ་འགོད་ལག་བསྟར་བྱེད་པ་སོགས་མངོན་གསལ་དོད་པའི་གནད་དོན་མཐའ་གཅིག་ཏུ་ཡོ་བཅོས་བྱས་ཏེ། གཞི་རིམ་གྱི་ཁུར་པོ་ཡང་དུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱུན་གཏན་རང་བཞིན་གྱི་སློབ་སྦྱོང་སློབ་གསོ་རྨང་གཞིར་བྱེད་པ་དང་། འགན་འཁྲི་ནན་དུ་གཏོང་རྒྱུ་འགག་རྩར་བྱེད་པ། ངན་རུལ་མཉམ་བཤེར་མཉམ་བཅོས་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།

    གསུམ་པ། རྩ་ལག་མཉམ་བཅོས་ལ་ཤུགས་སྣོན་བརྒྱབ་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་དམ་འཛིན་བྱ་གཞི་ཡག་པོ་སྤྱོད་དགོས། ཟིལ་གནོན་ཆེན་པོ་རྒྱུན་འཁྱོངས་ཀྱིས་རུལ་སུངས་བྱེད་མི་ཕོད་པར་ཤུགས་སྣོན་རྒྱག་པ་དང་། མཐུ་སྨན་ནད་བཅོས་དང་ཁྲིམས་བཙན་ཟིང་བཅོས་མཐའ་འཁྱོངས་བྱེད་པ། རྩ་བ་ནས་གཙང་སེལ་མུ་མཐུད་བྱེད་པ། དངུལ་རྩ་དང་། གཞུང་ཁོངས་ཁེ་ལས། ནུས་རྒྱུ། སློབ་གསོ། སློབ་ཚོགས་མཐུན་ཚོགས། གསར་སྤེལ་ཁུལ། འོས་སྐུལ་འོས་དཔོད་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་རུལ་སུངས་བཅོས་སྒྲིག་གཏིང་ཟབ་བྱེད་པ། སྲིད་གཞུང་དང་ཚོང་པའི་དབར་གྱི་ངན་འབྲེལ་དང་། དབང་ཆས་མ་རྩར་སྲུང་སྐྱོང་བྱེད་པ། ཆབ་སྲིད་ཁྱབ་ཁོངས་སུ་མ་རྩ་སིམ་འཛུལ་བྱེད་པ་སོགས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། སྔོན་དཔག་ཁེ་སྤོགས་དང་། ཚབ་འཛིན་ཁ་ཆད། སྲིད་གཞུང་དང་ཚོང་པའི་དབར་གྱི་ཁེ་ཕན་བརྗེ་རེས་སོགས་རུལ་སུངས་ཀྱི་རྣམ་པ་གསར་པ་དང་མངོན་མེད་རུལ་སུངས་རྩད་གཅོད་དང་ཞིབ་བཤེར་ཞིབ་ཕྲ་བྱེད་པ། “འགག་རྩའི་ཉུང་ཤས”དང་ན་གཞོན་ལས་བྱེད་པའི་རུལ་སུངས་གཙོ་གནད་ཐོག་ཞིབ་བཤེར་ཐག་གཅོད་བྱེད་པ། ལྐོག་རྔན་ལེན་མཁན་དང་སྤྲོད་མཁན་གཉིས་ཀར་ཞིབ་བཤེར་གཏིང་ཟབ་བྱེད་པ། རྒྱལ་སྒྲོལ་རུལ་སུངས་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་སྒྲོལ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་བཟོ་བར་གཞོགས་འདེགས་བྱེད་པ་བཅས་བྱེད་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་རུལ་སུངས་ཀྱི་གནད་དོན་སྣ་ཚོགས་དུས་ཐོག་ཏུ་ཤེས་རྟོགས་དང་། དབྱེ་བ་གསལ་པོ་འབྱེད་པ། བཅོས་སྒྲིག་ནུས་ལྡན་བཅས་བྱེད་དགོས། ལྟ་སྐུལ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་རུལ་སུངས་བྱེད་མི་ཐུབ་པར་ཤུགས་སྣོན་རྒྱག་པ་དང་། དབང་ཆ་སྤྲོད་པ་དང་། དབང་ཆ་བེད་སྤྱོད། དབང་ཆ་ཚོད་འཛིན་བཅས་ཕན་ཚུན་གཅིག་གྱུར་དང་ཁ་གསལ་གཏིང་གསལ་གྱི་ཁུངས་འདེད་ཆོག་པའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཏང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག》བཟོ་བཅོས་རྒྱག་པར་རམ་འདེགས་བྱེད་པ། འགོ་ཁྲིད་གཙོ་བོ་དང་འགོ་ཁྲིད་ཚན་ཁག་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཚན་རིག་དང་མཐུན་པའི་ངང་དབང་ཆ་སྤྲོད་པ་དང་། དབང་ཆ་ཡང་དག་སྤྱོད་པ། དབང་ཆ་ཚོད་འཛིན་ནུས་ལྡན་བྱེད་པ་བཅས་ལ་སྐུལ་འདེད་གཏོང་དགོས། སྤྱོད་གཙང་སློབ་གསོ་གཏིང་ཟབ་སྤེལ་ནས་རུལ་སུངས་བྱེད་མི་འདོད་པར་ཤུགས་སྣོན་རྒྱག་པ་དང་། དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་གི་ལོ་གསུམ་བྱ་སྤྱོད་འཆར་གཞི་དོན་འཁྱོལ་གཏིང་ཟབ་བྱེད་པ། སྤྱོད་གཙང་དྲིལ་བསྒྲགས་སློབ་གསོའི་དམིགས་སའི་རང་བཞིན་དང་གོ་ཆོད་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྤྱོད་གཙང་གཞུང་དྲང་གི་བསམ་བློ་ཀུན་སྤྱོད་དང་། གཞུང་ཞེན་རྣམ་དག་གི་ཆབ་སྲིད་ཀུན་སྤྱོད། སྤྱོད་གཙང་རང་འདོམས་ཀྱི་ཀུན་སྤྱོད་ལྟ་བ། སྤྱོད་གཙང་རུལ་འགོག་གི་སྤྱི་ཚོགས་དར་སྲོལ་བཅས་ཟམ་མི་ཆད་པར་གཏོད་དགོས། འཐུས་སྒོ་ཚང་བའི་སྒྲིག་སྲོལ་ལམ་སྲོལ་ལ་བརྟེན་ནས་སྡེབ་གཅིག་སྐུལ་སྤེལ་ལ་སྐུལ་འདེད་གཏོང་བ་དང་། ཏང་ཨུད་ཀྱི་གཅིག་གྱུར་འགོ་ཁྲིད་འོག་གི་རུལ་རྒོལ་ལས་དོན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རུལ་རྒོལ་འགན་འཁྲི་དོན་འཁྱོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གྱོད་འདྲེན་ལེགས་བཅོས་དང་བཅོས་སྒྲིག་གཏིང་ཟབ་བྱེད་པ། ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བར་སྣང་ཆེན་བྱེད་པ། གྲངས་འཛིན་གྱི་སྒྲིག་བཤེར་ལྟ་ཞིབ་མ་ལག་འཛུགས་པར་སྐུལ་འདེད་མྱུར་པོ་གཏོང་བ་བཅས་བྱས་ཏེ་གཏན་འབེབས་དང་། སྒྲིག་ལམ། བཅའ་ཁྲིམས་བཅས་ལ་ནན་པོར་གཞིགས་ནས་བེད་སྤྱོད་གཏོང་དགོས།

    བཞི་པ། དམངས་དོན་དུ་སྒྲིག་བསྟར་ཁྲིམས་སྒྱུར་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱེད་ཤུགས་རྒྱུན་མཐུད་ཟབ་ཏུ་གཏོང་དགོས། གྲོང་གསེབ་མཉམ་སྡེབ་ཀྱི“མ་དངུལ་དང་། རྒྱུ་ནོར། ཐོན་ཁུངས”བཅས་གསུམ་གྱི་དོ་དམ་དང་། སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་དོ་དམ། རྒན་གསོའི་ཞབས་ཞུ་སོགས་རྒྱལ་ཡོངས་རང་བཞིན་གྱི་བཅོས་སྒྲིག་རྣམ་གྲངས་གཏིང་ཟབ་ཏུ་གཏོང་བ་དང་། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་གནད་དོན་བཅོས་སྒྲིག་བྱེད་པའི་ལས་དོན་བཀོད་སྒྲིག་བྱས་ནས་སྤེལ་བ། ས་གནས་ཁག་གིས་ཡུལ་བབ་དང་བསྟུན་ནས་བཅོས་སྒྲིག་གི་གཙོ་གནད་རྣམ་གྲངས་དང་དམངས་འཚོའི་དོན་དངོས་ལ་དམ་འཛིན་བྱེད་པར་མཛུབ་ཁྲིད་བྱེད་པ། སྒྲིག་འགལ་ངང་ས་གནས་གཞན་དུ་ཁྲིམས་སྒྱུར་དང་ཕན་གཉེར་རང་བཞིན་གྱི་ཁྲིམས་སྒྱུར་བྱེད་རིགས་བཅོས་སྒྲིག་གཏིང་ཟབ་བྱེད་དགོས། རྒྱུན་རྣམ་ཅན་གྱི་སྒོ་ནས་བཅོས་སྒྲིག་ལས་དོན་སྤེལ་བའི་བསམ་འཆར་ཞིབ་འཇུག་བྱས་ནས་བཟོས་ཏེ་ཕུགས་ཕན་ལམ་སྲོལ་ཆགས་པར་བྱེད་དགོས། རྫོང་རིམ་པའི་འཐབ་ས་གཙོ་བོར་རྒྱུན་མཐུད་བཅོས་སྒྲིག་ལས་དོན་གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་ལྟ་སྐུལ་ནུས་པ་འདོན་པ་དང་གཞི་རིམ་གྱི་ལྟ་སྐུལ་ནུས་པ་ཆེ་རུ་གཏོང་དགོས།

    ལྔ་པ། ཆབ་སྲིད་ཀྱི་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་སྐོར་ཞིབ་ལྟ་སྐུལ་གྱི་ཟིལ་ཤུགས་དང་། རྟོལ་ཤུགས། སྐུལ་འདེད་ནུས་པ་བཅས་ཆེ་རུ་གཏོང་དགོས། སྐོར་ཞིབ་ལས་དོན་གྱི་མཛད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་བསྟར་ཏེ། སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་བདུན་པ་དང་བརྒྱད་པའི་སྐོར་ཞིབ་སྒྲིག་འཛུགས་བྱས་ནས་སྤེལ་དགོས། སྐོར་གཟིགས་སྐོར་ཞིབ་ཀྱི་གོང་འོག་མཉམ་འགུལ་གཏིང་ཟབ་ཏུ་བཏང་སྟེ། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ལ་སྐོར་ཞིབ་དང་། ཀྲུང་དབྱང་ཚན་པའི་ནང་ཁུལ་ལ་སྐོར་ཞིབ། གྲོང་ཚོར་སྐོར་ཞིབ་བཅས་ཀྱི་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་ཀྲུང་དབྱང་གི་སྐོར་ཞིབ་དག་ཐེར་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པར་སྤྱི་འདོམས་ལྟ་སྐུལ་བྱས་ནས་དག་ཐེར་དཔྱད་དཔོག་དང་འགན་འཁྲི་བདའ་འདེད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་དགོས།

    དྲུག་པ། དཔུང་ཧྲག་གི་འདུ་ཤེས་ཟབ་ཏུ་བཏང་ནས་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལུགས་མཐུན་ཅན་དང་། ཁྲིམས་སྐྱོང་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། “སྒྲིག་བཤེར་ལྟ་ཞིབ་ལས་དོན་ལུགས་མཐུན་ཅན་དང་། ཁྲིམས་སྐྱོང་ཅན། ཚད་ལྡན་ཅན་བཅས་ཀྱི་འཛུགས་སྐྱོང་ལོའི”བྱ་སྤྱོད་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། སླར་ཡང་གཅིག་སྡུད་ཐོག་ལོ་གཉིས་དམ་འཛིན་བྱས་ནས་ཕན་འབྲས་དེ་བས་ཆེ་བ་ཐོན་པར་འབད་དགོས། ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པ་དང་ཆབ་སྲིད་སློབ་གསོ་དང་ཏང་གཤིས་སློབ་གསོ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ཆབ་སྲིད་ཐད་ཉམས་སད་ཐེག་པར་བྱེད་དགོས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་སྒྱུར་བཅོས་ཟབ་ཏུ་བཏང་སྟེ་རིམ་པ་དང་རིགས་དབྱེ་ནས་མི་སྣ་ཡོངས་ལ་གསོ་སྦྱོང་བྱེད་པ་དང་། དངོས་འཐབ་དམག་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ལས་དོན་སྒྲུབ་རིང་སྦྱོང་བརྡར་ལ་སྣེ་ཁྲིད་བྱེད་པ་བཅས་བྱས་ཏེ་འཇོན་ཐང་ཐད་ཉམས་སད་ཐེག་པར་བྱེད་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་ལྟ་སྐུལ་སྒྲིག་བསྟར་དང་ཁྲིམས་སྒྱུར་ཚད་ལྡན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཏང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་ལྟ་སྐུལ་སྒྲིག་བསྟར་ལས་དོན་གྱི་སྒྲིག་སྲོལ》བཟོ་བཅོས་ལ་གཞོགས་འདེགས་བྱེད་པ། ཁྲིམས་སྐྱོང་གི་འདུ་ཤེས་དང་། གོ་རིམ་གྱི་འདུ་ཤེས། དཔང་རྟགས་ཀྱི་འདུ་ཤེས་བཅས་ཟབ་ཏུ་བཏང་ནས། སྤྱོད་ཚུལ་ཐད་ཉམས་སད་ཐེག་པར་བྱེད་དགོས། གུས་སྐྲག་གི་བསམ་པ་ནམ་ཡང་བཅངས་ནས་ནང་ཁུལ་གྱི་དབང་ཆ་ཚོད་འཛིན་ལམ་སྲོལ་དང་དོ་དམ་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ལྟ་བཤེར་ཨུ་ལྷན་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཆེད་དོན་ལས་དོན་སྙན་སེང་ཞུ་བ། རང་འགུལ་ངང་ལྟ་སྐུལ་དང་ལེན་བྱེད་པ། “སྒྲོན་འོག་མུན་པ”འགོག་བཅོས་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས་སྤྱོད་གཙང་ཐད་ཉམས་སད་ཐེག་པར་བྱེད་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞུམ་མེད་འབད་འཐབ་དང་འབད་འབུངས་ཡར་བརྩོན་བྱེད་པ་དང་། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་འབོད་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།