དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོར་རང་རྒྱལ་གྱི་དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་7.7ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-15

    གསར་འགོད་པར་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོར། དམངས་སྤྱོད་མཁའ་འགྲུལ་ལས་རིགས་ཡོངས་ཀྱིས་སྐྱེལ་འདྲེན་གྱི་འཁོར་རྒྱུག་བྱེད་འབོར་ཏུན་སྤྱི་ལེ་དུང་ཕྱུར་1640.8དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་7.7 དངོས་ཟོག་དང་སྦྲག་བསྐུར་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་1017.2བཅས་ཟིན་ནས་དུས་མཚུངས་ལས་10.5%དང་། 5.5% 13.3%སོ་སོར་འཕར་ཡོད།

    དུས་གཏན་གནམ་གྲུ་གཏོང་ཚད་དུས་མཚུངས་ལས་4.7%འཕར་བའི་གནས་ཚུལ་འོག དུས་གཏན་གནམ་གྲུ་རྒྱུན་གཏན་ལྟར་འཕུར་ཚད་90%ལྷག་ཙམ་ཟིན་ཡོད། ཁེ་སྤོགས་སྒོར་དུང་ཕྱུར་65བྱུང་ནས་གཉེར་སྐྱོང་ཕན་འབྲས་དེ་བས་ལེགས་སུ་ཕྱིན་ཡོད། སྲོལ་རྒྱུན་གྱི་རྒྱུན་སྤྱོད་མཁའ་འགྲུལ་གྱིས་ཆུ་ཚོད་ཁྲི་121.8འཕུར་བ་དང་རང་མིང་ཐོ་འགོད་བྱས་པའི་མི་མེད་གནམ་གྲུའི་བསྡོམས་འབོར་ཁྲི་328ལྷག་ཙམ་ཟིན་ཞིང་། རིམ་རྩིས་བརྒྱབ་ན་ཆུ་ཚོད་ཁྲི་4530འཕུར་བ་དེ་དུས་མཚུངས་ལས་70%ཙམ་འཕར་ཡོད། སྤྱི་ཡོངས་ནས་བལྟས་ན། 2025ལོར། ལས་རིགས་སྤྱི་ཡོངས་བརྟན་ཐོག་ཡར་འཕེལ་དང་བརྟན་ཁྲོད་ལེགས་འཕེལ་རྒྱུན་འཁྱོངས་ཐུབ་ནས་དམིགས་ཚད་དང་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་གྲུབ་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།