དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་མང་པོས་མཉམ་དུ་བཞུགས་མོལ་ཚོགས་འདུ་འཚོགས་ནས།

    སྒུལ་ཤུགས་དང་ནུས་གསོག་གློག་རྫས་ཐོན་ལས་ཀྱི་འགྲན་རྩོད་སྒྲིག་ལམ་ཚད་ལྡན་དུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-15

    ཉེ་ཆར། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་སོགས་སྡེ་ཚན་མང་པོས་མཉམ་དུ་སྒུལ་ཤུགས་དང་ནུས་གསོག་གློག་རྫས་ལས་རིགས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས། ཐོན་ལས་ཀྱི་འགྲན་རྩོད་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་བའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

    རང་རྒྱལ་གྱི་སྒུལ་ཤུགས་དང་ནུས་གསོག་གློག་རྫས་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་ཕྱིན་ནས། གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་དུས་མཚམས་རང་བཞིན་གྱི་འགྲན་རྩོད་ལེགས་ཆ་ལྡན་ཡོད། དེ་དང་ཆབས་ཅིག རྒྱུ་རྐྱེན་སྣ་ཚོགས་ཀྱི་ཤུགས་རྐྱེན་ཐེབས་སྟབས་ལས་རིགས་ནང་ཁུལ་དུ་རྨོངས་ཚོད་འཛུགས་སྐྲུན་གྱི་གནས་ཚུལ་ཐོན་པ་མ་ཟད། ད་དུང་གོང་གཅོག་འགྲན་རྩོད་སོགས་ཚུལ་མིན་གྱི་འགྲན་རྩོད་བྱེད་སྤྱོད་ཀྱང་ཐོན་ནས། རྒྱུན་གཏན་གྱི་ཁྲོམ་རའི་སྒྲིག་ལམ་དཀྲུག་པ་དང་། ལས་རིགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཆུང་དུ་བཏང་བས་ངེས་པར་དུ་བཅོས་སྒྲིག་ཚད་ལྡན་བྱེད་དགོས།

    བཟོ་ལས་དང་ཆ་འཕྲིན་ཅན་པུའི་འབྲེལ་ཡོད་འགན་འཁུར་བས། ཁྲོམ་ར་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིན་གོང་ཁྲིམས་སྒྱུར་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། ཐོན་སྐྱེད་གཅིག་མཐུན་རང་བཞིན་དང་ཐོན་རྫས་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཤེས་རིག་ཐོན་དབང་དང་འབྲེལ་བའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་གཏོང་དགོས། ཐོན་ནུས་དོ་དམ་ལེགས་སུ་གཏོང་བ་དང་། ཐོན་ནུས་ལྟ་ཞིབ་ཚད་ལེན་དང་རིམ་དབྱེ་སྔོན་བརྡ་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གཞི་ཆེའི་སྟངས་འཛིན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཐོན་ནུས་ཆེ་དྲགས་པའི་ཉེན་ཁ་འགོག་ཟོན་བྱེད་དགོས། ལས་རིགས་ཀྱི་རང་གཅུན་ལ་རྒྱབ་སྐྱོར་དང་ལས་རིགས་མཐུན་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། ཁེ་ལས་ཁག་ལ་ཐོན་ནུས་ཚན་རིག་དང་མཐུན་པར་བཀོད་སྒྲིག་བྱ་རྒྱུའི་ཁྲིད་སྟོན་གྱིས་སྤུས་ལེགས་གོང་ཁེ་དང་དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་སྒྲིག་ལམ་འཛུགས་པར་སྐུལ་འདེད་གཏོང་དགོས། ས་ཁོངས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་དབྱང་དང་ས་གནས་མཐུན་སྦྱོར་མཉམ་འགུལ་བྱས་ནས་ཕྱོགས་བསྡུས་ཇུས་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། རང་སའི་ཁེ་ལས་ལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། བསྐྱར་ཟློས་འཛུགས་སྐྲུན་ཚོད་འཛིན་ནན་པོ་བཅས་བྱས་ཏེ། ལས་རིགས་སྐྱོན་བྲལ་དང་བརྒྱུད་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།