དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གིས་བསམ་འཆར་ཡོངས་བསྒྲགས་བསྡུ་ལེན་བྱས་ནས།

    ​མཉམ་འབྲེལ་དྲ་རྒྱའི་ཉེར་སྤྱོད་ལས་རིམ་གྱི་མི་སྒེར་གྱི་ཆ་འཕྲིན་བསྡུ་སྤྱོད་བྱ་སྤྱོད་ཚད་ལྡན་དུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-15

     མཉམ་འབྲེལ་དྲ་རྒྱའི་ཉེར་སྤྱོད་ལས་རིམ་གྱི་མི་སྒེར་གྱི་ཆ་འཕྲིན་བསྡུ་སྤྱོད་བྱ་སྤྱོད་ཚད་ལྡན་དུ་བཏང་ནས། མི་སྒེར་གྱི་ཆ་འཕྲིན་ཁེ་དབང་སྲུང་སྐྱོང་དང་། མི་སྒེར་གྱི་ཆ་འཕྲིན་ལུགས་མཐུན་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་ཆེད། རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གིས《མཉམ་འབྲེལ་དྲ་རྒྱའི་ཉེར་སྤྱོད་ལས་རིམ་གྱི་མི་སྒེར་གྱི་ཆ་འཕྲིན་བསྡུ་སྤྱོད་སྐོར་གྱི་གཏན་འབེབས(བསམ་འཆར་བསྡུ་ལེན་མ་ཟིན)》འཆར་ཟིན་བཀོད་ནས། ཟླ་1ཚེས་10ཉིན་ནས་བཟུང་སྤྱི་ཚོགས་ལ་ཕྱོགས་ཏེ་བསམ་འཆར་ཡོངས་བསྒྲགས་བསྡུ་ལེན་བྱེད་ཀྱི་ཡོད་པ་རེད།

    བསམ་འཆར་བསྡུ་ལེན་མ་ཟིན་ནང་དུ། མཉམ་འབྲེལ་དྲ་རྒྱའི་ཉེར་སྤྱོད་ལས་རིམ་ཐོག་མར་འཛུགས་སྐབས་ཧོབ་ཐོན་སྐར་ཁུང་ལྟ་བུའི་བྱེད་ཐབས་མངོན་གསལ་དོད་པས་སྤྱོད་མཁན་རྣམས་ལ་མི་སྒེར་གྱི་ཆ་འཕྲིན་བསྡུ་སྤྱོད་བྱེད་པའི་སྒྲིག་སྲོལ་གསལ་བཤད་བྱེད་དགོས་པ་མ་ཟད། སྤྱོད་མཁན་ཚོས་གནས་ཚུལ་གསལ་པོར་ཤེས་པའི་སྔོན་འགྲོའི་འོག སྒྲིག་སྲོལ་དེར་མོས་མཐུན་ཡོད་པ་གསལ་པོར་མཚོན་དུ་འཇུག་དགོས་ཞེས་བཏོན་ཡོད་པ་རེད།

    བསམ་འཆར་བསྡུ་ལེན་མ་ཟིན་ནང་དུ། མཉམ་འབྲེལ་དྲ་རྒྱའི་ཉེར་སྤྱོད་ལས་རིམ་གྱིས་འཕྲིན་གཏོང་འབྲེལ་གཏུག་དང་། དྲ་གྲོགས་སྣོན་པ། གཞི་གྲངས་གྲབས་ཉར་བཅས་བྱེད་སྐབས་མ་གཏོགས། འཕྲིན་དེབ་དང་། ཁ་པར་བརྒྱབ་ཐོ། འཕྲིན་ཐུང་བཅས་ཀྱི་དབང་ཆ་འཐེན་སྤྱོད་བྱས་ཏེ་སྤྱོད་མཁན་ཕུད་པའི་མི་གཞན་གྱི་ཆ་འཕྲིན་བསྡུ་སྤྱོད་བྱེད་མི་ཆོག མཉམ་འབྲེལ་དྲ་རྒྱའི་ཉེར་སྤྱོད་ལས་རིམ་གྱིས་ཕྱོགས་གསུམ་པར་མི་སྒེར་གྱི་ཆ་འཕྲིན་མཁོ་འདོན་བྱེད་དགོས་ཚེ། སྤྱོད་མཁན་གྱི་མོས་མཐུན་ཐོབ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    བསམ་འཆར་བསྡུ་ལེན་མ་ཟིན་གཞིར་བཟུང་། མཉམ་འབྲེལ་དྲ་རྒྱའི་ཉེར་སྤྱོད་ལས་རིམ་གྱིས་སྤྱོད་མཁན་རྣམས་ལ་ཐོ་བསུབ་བྱེད་ནུས་སྟབས་བདེ་མཁོ་འདོན་བྱེད་དགོས། ཐོ་བསུབ་འདུན་ཞུ་བྱེད་རིགས་ལ། མཉམ་འབྲེལ་དྲ་རྒྱའི་ཉེར་སྤྱོད་ལས་རིམ་གྱིས་ལས་སྒྲུབ་ཉིན་མོ་15ནང་ཚུན་དུ་ཐོ་བསུབ་ལས་སྒོ་གཉེར་ཚར་བ་བྱས་ནས། བསྡུ་ལེན་བྱས་པའི་འབྲེལ་ཡོད་མི་སྒེར་གྱི་ཆ་འཕྲིན་བསུབ་པའམ་ཡང་ན་མིང་གསང་མིང་ཐག་གཅོད་བྱེད་དགོས།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།