དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཡུན་ནན་ལུའུ་ལེང་རྫོང་དུ་དཔྱིད་སྨིན་ཞོག་ཁོག་འདེབས་པར་བྲེལ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-15

    ཡུན་ནན་ཞིང་ཆེན་ཆུས་ཅིང་གྲོང་ཁྱེར་ལུའུ་ལེང་རྫོང་ལ་ཉི་འོད་དང་ས་ཆུའི་ལེགས་ཆ་ཕུན་སུམ་ཚོགས་པོ་ཡོད་པས། ཞོག་ཁོག་བཏབ་ཚེ་ལོ་གཅིག་ལ་ཐེངས་གསུམ་སྨིན་ཐུབ། ཞའོ་པའེ་ཧུའུ་གྲོང་རྡལ་གྱི་ཞོག་ཁོག་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་9.15ཟིན་པར་ས་གནས་དེ་གས་འཕྲུལ་ཆས་ཅན་གྱི་འདེབས་འཛུགས་དང་། རྣང་མཐོ་འདེབས་འཛུགས། ཆུ་ལུད་གཞི་གཅིག་ཅན། གནོད་མེད་ཀྱི་སྔོན་འགོག་ཚོད་འཛིན་སོགས་དེང་རབས་ཀྱི་ཞིང་ལས་ལག་རྩལ་ཁྱབ་གདལ་ཧུར་ཐག་བཏང་ནས། ཞོག་ཁོག་ཐོན་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་སྐུལ་འདེད་གཏོང་གི་ཡོད་པ་རེད། འདི་ནི་ཞའོ་པའེ་ཧུའུ་གྲོང་རྡལ་ཕུའུ་ལེ་གྲོང་ཚོའི་ཞོག་ཁོག་འདེབས་འཛུགས་རྟེན་གཞིར་ཞིང་པ་ཚོས་གནམ་གཤིས་ཡག་པོ་བསྟན་པ་དང་བསྟུན་ནས་ཞིང་འཕྲུལ་བཏང་སྟེ་དཔྱིད་སྨིན་ཞོག་ཁོག་འདེབས་པའི་རྣམ་པ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།