དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་བོད་ཀྱིས་གནམ་སྔོན་ཆུ་དྭངས་དང་ས་གཙང་གི་སྲུང་སྐྱོབ་དམག་འཐབ་ཡག་པོ་བརྒྱབ་པ།

    རིམ་རྩིས་བརྒྱབ་ན་ཀྲུང་དབྱང་ནས་མ་དངུལ་སྒོར་དུང་ཕྱུར་36.69 བརྩོན་ལེན་བྱས་ཏེ་རྣམ་གྲངས་ཁག་186ལག་ལེན་བསྟར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-15

     ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། རིམ་རྩིས་བརྒྱབ་ན། བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་དབྱང་ནས་མ་དངུལ་སྒོར་དུང་ཕྱུར་36.69བརྩོན་ལེན་གྱིས་རྣམ་གྲངས་ཁག་186ལག་ལེན་བསྟར་ཏེ། རླུང་ཁམས་ཆེན་པོ་དང་། ཆུ། ས་རྒྱུ་བཅས་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། གནམ་སྔོན་ཆུ་དྭངས་དང་ས་གཙང་གི་སྲུང་སྐྱོབ་དམག་འཐབ་ཡག་པོ་བརྒྱབ་པ་རེད།

    ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་མཁའ་རླུང་སྤུས་ཚད་རྒྱུན་མཐུད་ལེགས་གཏོང་བྱ་སྤྱོད་ཇུས་གཞི》 ལག་བསྟར་བྱས་ཏེ། བོད་ལྗོངས་ཀྱི་ཕྲ་རྡུལ་དང་དྲི་ངན་དབྱང་རླུང་ལ་མཐུན་སྦྱོར་ཚོད་འཛིན་བྱེད་པའི་ཆེད་དོན་བརྟག་དཔྱད་ལྟ་ཞིབ་ཚད་ལེན་དང་འབྱུང་ཁུངས་དབྱེ་ཞིབ་བྱས་པ་དང་། ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་རླངས་མཁོ་འདོན་གྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ཚོད་ལྟ་བྱེད་པར་མཐུན་སྦྱོར་ངང་སྐུལ་འདེད་བཏང་བ། འཕྲུལ་སྒུལ་འཁོར་རིགས་ཀྱི་འབུད་གཏོང་ཞིབ་དཔྱད་ཚད་ལེན་དང་བཙན་ཤེད་སྲུང་སྐྱོང་ལམ་ལུགས་བཙུགས་ནས། གཙང་ཆུའི་ནང་དུ་འབུད་པའི་བཙོག་འབུད་སྦུག་ཁ་ཚད་ལྡན་ཅན་དུ་བཅོས་སྒྲིག་བྱེད་པར་སྐུལ་འདེད་བཏང་བ་རེད། གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོ་ཁག་137དང་སྨན་བཅོས་ལས་ཁུངས་132ཀྱི་བཙོག་ཆུ་གཙང་གསིང་སྒྲིག་ཆས་ལ་གཅིག་སྡུད་གྲལ་བཤེར་ཡག་པོ་བྱས་པ་དང་། རྫོང་རིམ་པ་ཡན་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ལ་ལྟ་ཞིབ་ཚད་ལེན་དང་ཡོངས་ཁྱབ་ཞིབ་བཤེར་བྱས་པ། ཆུ་ཁུངས་སྲུང་སྐྱོབ་ཁུལ་7ཚད་ལྡན་ཅན་འཛུགས་སྐྲུན་བྱས་ཡོད། ས་ཁོངས་ཡོངས་ཀྱི“སྙིགས་མེད་གྲོང་ཁྱེར”འཛུགས་སྐྲུན་ལ་རིམ་པ་བཞིན་སྐུལ་འདེད་བཏང་བ་དང་། ཉེན་ཆེའི་ཟོག་རོར་ཚད་ལྡན་ངང་དོ་དམ་བྱེད་པར་དཔྱད་དཔོག་བྱས་པ། སྨན་བཅོས་སྙིགས་རོའི་གློག་རྡུལ་མཉམ་སྦྲེལ་འཛིན་ཤོག་རིམ་བཞིན་ཡོངས་ཁྱབ་ཐུབ་ཡོད།

    མིག་སྔའི་བར། བོད་ལྗོངས་ཀྱི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99%ཡན་ལ་སླེབས་པ་དང་། གཙང་པོ་དང་། ཆུ་བོ། མཚེའུ་བཅས་གཙོ་བོའི་ཆུ་སྤུས་རིགས་Ⅲཔར་སླེབས་པའམ་ཡང་ན་དེ་ལས་ལེགས་པའི་བསྡུར་ཚད་100%རྒྱུན་འཁྱོངས་ཐུབ་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་100%ཟིན་པ། རྫོང་གྲོང་དང་དེ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གནོད་མེད་གཙང་སེལ་བྱེད་ཚད་99%ཟིན་པ། ས་རྒྱུའི་སྤུས་ཚད་རྒྱལ་ཡོངས་ཀྱི་སྔོན་ཚུད་དུ་རྒྱུན་འཁྱོངས་ཐུབ་པ་བཅས་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།