དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་སོ་ཏི་ཨ་རབ་ཀྱི་མཚོ་དམར་ཡུལ་སྐོར་རྣམ་གྲངས་སྐྲུན་འགན་འཁུར་བ།

    ཨར་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་གཉིས་ཀར་དམ་འཛིན་བྱས་ཏེ་ཉ་རིགས་སླར་ཡང་བྱུ་རུའི་གླིང་དུ་ལོག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀོན་ཁེ་ཅང་།   |     སྤེལ་དུས།  2026-01-15

    ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་སོ་ཏི་ཨ་རབ་མཚོ་དམར་ཡུལ་སྐོར་རྣམ་གྲངས་ཀྱིས་ཨར་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་གཉིས་ཀར་འཐུས་ཤོར་མི་ཐེབས་པ་བྱས་ཤིང་། འདི་ནི་ཉ་རིགས་སླར་ཡང་བྱུ་རུའི་གླིང་དུ་ལོག་པ།

    མཚོ་དམར་ཡུལ་སྐོར་རྣམ་གྲངས་ནི་སོ་ཏི་ཨ་རབ་ཀྱི“2030ལོའི་འདོད་འདུན”ནང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཧ་ཅང་ཆེ་གྲས་ཤིག་ཡིན། སོ་ཏི་ཨ་རབ་སྲིད་གཞུང་གིས་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་དེ་རྣམ་གྲངས་ཀྱི་བཀྲག་མདངས་འཚེར་སར་བརྩིས་པ་དང་། ཨར་སྐྲུན་བྱེད་རིང་ཁོར་ཡུག་སྲུང་སྐྱོང་གི་ཚད་གཞི་ལག་བསྟར་ནན་པོ་བྱས་པས། ཀྲུང་གོའི་ཁེ་ལས་ཀྱི་ལྗང་མདོག་རིག་ནུས་བཟོ་སྐྲུན་ཇུས་གཞི་དང་ལག་ལེན་ལ་ཕྱོགས་ཁག་གིས་ཚད་མཐོའི་ཁས་ལེན་བྱས་ཡོད།

    ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཁོངས་གཏོགས་ཧྲན་ཏུང་གློག་ཤུགས་འཛུགས་སྐྲུན་ཀུང་སི་གསུམ་པས་མཚོ་དམར་ཡུལ་སྐོར་རྣམ་གྲངས་ཀྱི་མཚོ་ཆུ་ཚྭ་མེད་དུ་བསྒྱུར་བའི་བཟོ་གྲྭ་གསུམ་འཛུགས་སྐྲུན་དང་མཚོ་འོག་གློག་ཐག་འཁྲིད་པའི་ལས་འགན་འཁུར་ཡོད། ཨར་ལས་མ་བྱས་གོང་རྣམ་གྲངས་དེས་ཆེད་ལས་ཚོགས་པ་མངགས་ནས་མཚོ་འོག་གི་སྐྱེ་ཁམས་གནས་ཚུལ་ཁྱོན་ཡོངས་ནས་གསལ་རྟོགས་བྱས་ཏེ་མདོང་ལམ་གྱིས་གཏོར་བརླག་ཐེབས་སྲིད་པའི་བྱུ་རུའི་སྡོང་པོ་སྔོན་ཚུད་ནས་སྤོས་པ་དང་། མདོང་ལམ་སྦས་རྗེས། བྱུ་རུའི་སྡོང་པོ་ཡང་བསྐྱར་ཚུར་སྤོས་པ་མ་ཟད། སྔོན་བཟོས་ཨར་འདམ་གྲུ་བཞི་བཞག་ནས་བྱུ་རུ་སྐྱེ་འཚར་ཡོང་བར་རམ་འདེགས་བྱས་པ་རེད། རྣམ་གྲངས་ཁོར་ཡུག་སྲུང་སྐྱོང་པུའི་ལས་དོན་པ་ཧ་པི་པུའུ་དང་ལས་རོགས་ཚོས་གཟའ་འཁོར་རེར་འབྲེལ་ཡོད་མཚོ་ཁོངས་སུ་བསྐྱོད་དེ་བྱུ་རུའི་སྐྱེ་འཚར་ལ་ལྟ་ཞིབ་བྱེད་པ་དང་ཆུ་འོག་འཕྲུལ་མིར་བརྟེན་ནས་སྐྱེ་ཁམས་ལ་ཞིབ་བཤེར་བྱེད་ཀྱི་ཡོད་པ་རེད། “ཉ་རིགས་སླར་ཡང་བྱུ་རུའི་གླིང་དུ་ལོག་པ་དེ་ཐོག་ནས་སྐྱེ་ཁམས་སླར་གསོ་བྱུང་བ་མཚོན་གྱི་ཡོད”ཅེས་ཧ་པི་པུས་དགའ་སྤྲོའི་ངང་བཤད། རྣམ་གྲངས་ཀྱི་འགན་འཁུར་བ་མོ་པིན་གྱིས་རྣམ་གྲངས་དེར་རང་ཚུགས་ཀྱི་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་བཙུགས་ཤིང་། དུས་བཀག་ལྟར་དོ་བདག་དང་མཉམ་དུ་ཁོར་ཡུག་སྲུང་སྐྱོང་བྱེད་སྒོ་སྤེལ་ནས་རྒྱ་མཚོའི་ཉ་རིགས་དང་། རྒྱ་མཚོའི་རུས་སྦལ། ཤིང་དམར་ནགས་ཚལ་སོགས་སྲོག་ཆགས་དང་རྩི་ཤིང་གི་འཚོ་གནས་ཁོར་ཡུག་ལ་ཨར་ལས་ཀྱི་ཤུགས་རྐྱེན་མི་ཐེབས་པར་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།

    ཧྲན་ཏུང་གློག་ཤུགས་འཛུགས་སྐྲུན་ཀུང་སི་གསུམ་པས་ད་དུང་མཚོ་དམར་ཡུལ་སྐོར་རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་སྤྱི་པའི་བྱ་གཞག་གི་རྨང་གཞིའི་སྒྲིག་བཀོད་སྐྲུན་འགན་འཁུར་གྱི་ཡོད་པ་དེའི་ནང་འོད་ཤུགས་དང་། ནུས་གསོག གློག་དྲ། མཚོ་ཆུ་ཚྭ་མེད་དུ་བསྒྱུར་བ། ཆུ་འདོན་མདོང་དྲ། ཆུ་སྙིགས་གཙང་གསིང་། ཆུ་སྙིགས་མདོང་དྲ། སྲ་གཟུགས་སྙིགས་རོ་གཙང་སེལ། འཕྲིན་གཏོང་དང་ས་ཁོངས་གྲང་བཟོ་སོགས་ཚུད་ཡོད་པ་རེད། རྣམ་གྲངས་ཀྱི་ཅིང་ལི་གཞོན་པ་ཁྲེན་སུང་གིས་རྣམ་གྲངས་དོ་དམ་དང་འཛུགས་སྐྲུན་གྱི་གྲངས་འཛིན་ཅན་མངོན་འགྱུར་ཡོང་ཆེད། དོ་བདག་གིས་འཛུགས་སྐྲུན་ཆ་འཕྲིན་གྱི་དཔེ་དབྱིབས་དང་ས་ཁམས་ཆ་འཕྲིན་མ་ལག་སྤྱོད་པའི་བླང་བྱ་བཏོན་ཡོད་ཅེས་བཤད།

    མོ་པིང་གིས“སོ་ཏི་ཨ་རབ་ཀྱི་མཚོ་དམར་ཡུལ་སྐོར་རྣམ་གྲངས་ཁྲོད་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ལྗང་མདོག་དང་། རིག་ནུས། སྤུས་ཚད་མཐོ་བ་བཅས་ཀྱི་འདུ་ཤེས་ལ་བརྟེན་ནས་རྣམ་གྲངས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱིས་སྤུས་ཚད་མཐོ་པོས‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་བྱ་ཆེད་བློ་གྲོས་སྐྱེས་སུ་ཕུལ་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།