དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཝུའུ་ཧུའུ་ནས་རླངས་འཁོར་ཕྱིར་གཏོང་བྱེད་ཚད་རྒྱུན་མཐུད་འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-15

    འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བརྒྱབ་པ་ལྟར་ན། 2025ལོའི་ཟླ་བ་དང་པོ་ནས་བཅུ་གཅིག་པའི་བར་ཝུའུ་ཧུའུ་གྲོང་ཁྱེར་གྱིས་རླངས་འཁོར་ཁྲི་83.9ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་27.4%འཕར་ནས་ལོ་མང་འཕར་ཚད་མགྱོགས་པའི་འཕེལ་ཕྱོགས་རྒྱུན་འཁྱོངས་ཐུབ་ཡོད། ཉེ་བའི་ལོ་ཤས་རིང་ཝུའུ་ཧུའུ་གྲོང་ཁྱེར་གྱིས་ནུས་རྒྱུ་གསར་པ་དང་རིག་ནུས་དྲ་སྦྲེལ་ཕྱོགས་སྒྱུར་ལ་དམིགས་ནས་ཞིབ་སྤེལ་དང་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་སྟེ། རླངས་འཁོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་རྒྱལ་ཡོངས་ཀྱི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་གཏོང་གི་རྟེན་གཞི་གལ་ཆེན་ལ་གྱུར་ཡོད། འདི་ནི་2026ལོའི་ཟླ་1ཚེས་8ཉིན་ཨན་ཧུའེ་ཞིང་ཆེན་ཝུའུ་ཧུའུ་གྲུ་ཁའི་ཀྲུའུ་ཅ་ཆའོ་གྲུ་ཁར་རྒྱལ་ཐོན་རླངས་འཁོར་གྲུ་གཟིངས་ལ་བླུགས་ཏེ་ཕྱི་རྒྱལ་ལ་གཏོང་རྩིས་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།