དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བར་བྱ་སྤྱོད་ཀྱི་ཐབས་ལམ་མཁོ་འདོན་བྱེད་དགོས”

    ཁམ་ཕུ་ཁྲེའི་གོང་མ་ཚང་ཚན་རིག་ཁང་གི་རྒྱལ་སྤྱིའི་འབྲེལ་བ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཅིན་ཕིང་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲང་ཉན་ཧྲེང་།   |     སྤེལ་དུས།  2026-01-15

    “གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོའི་ནང་། དེ་བས་གཞུང་དྲང་དང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས་པ་ནན་བཤད་བྱས་ཏེ། འཛམ་གླིང་ཧྲིལ་པོ་ཡོ་ལང་ནས་སྒྲོལ་བར་ཐབས་ལམ་གསར་པ་ཁ་གསལ་བཏོན་ཡོད”ཅེས་ཁམ་ཕུ་ཁྲེའི་གོང་མ་ཚང་ཚན་རིག་ཁང་གི་རྒྱལ་སྤྱིའི་འབྲེལ་བ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཅིན་ཕིང་གིས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད། ཁོང་གིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་དེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་སྲུང་སྐྱོང་དང་། མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་ལག་བསྟར་བྱ་རྒྱུ་རྩ་བའི་གཞི་འཛིན་སར་བྱས་ཏེ་བདག་དབང་འདྲ་མཉམ་ལག་བསྟར་དང་། རྒྱལ་སྤྱིའི་ཁྲིམས་སྐྱོང་ལ་བརྩི་སྲུང་། ཕྱོགས་མང་རིང་ལུགས་ལག་བསྟར། མི་རྩ་བར་འཛིན་རྒྱུ་དར་སྤེལ། བྱ་སྤྱོད་ཀྱི་ཕྱོགས་སྟོན་ལ་སྣང་ཆེན་བཅས་བྱས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་བརྒྱུད་རིམ་ལྡན་པའི་ཇུས་གཞི་མཁོ་འདོན་བྱས་ཡོད་ཅེས་བརྗོད་པ་རེད།

    ཅིན་ཕིང་གིས“དེང་སྐབས་འཛམ་གླིང་གི་དཔལ་འབྱོར་ཐར་ཐོར་རང་བཞིན་ཚབས་ཆེར་འགྲོ་བཞིན་པ་དང་། ས་འབྲེལ་ཆབ་སྲིད་ཀྱི་འགྲན་རྒོལ་ཚབས་ཆེར་འགྲོ་བཞིན་ཡོད་ལ། ཕྱོགས་རྐྱང་རིང་ལུགས་དང་བཀག་སྡོམ་གང་བྱུང་དུ་བྱས་པ་ལས་ཀྱང་རྒྱལ་ཁབ་ཁག་དབར་གྱི་ཡིད་ཆེས་ཆུང་དུ་ཕྱིན་ཡོད། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་སྲུང་སྐྱོང་དང་། གོ་ལ་ཧྲིལ་པོའི་བྱ་སྤྱོད་ལ་སྤྱི་འདོམས་མཐུན་སྦྱོར་བྱ་རྒྱུར་ཤུགས་རྒྱག་པ། དངོས་སྒྲུབ་མཉམ་ལས་ལ་བརྟེན་ནས་བཅོས་སྐྱོང་རྗེས་སུ་ལུས་པ་དང་སིལ་བུར་འགྱུར་བར་སྔོན་འགོག་བཅས་བྱེད་དགོས་པ་ནན་བཤད་བྱས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བར་བྱ་སྤྱོད་ཀྱི་ཐབས་ལམ་མཁོ་འདོན་བྱས་པས། དེས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་རྒྱུར་ཕན་ཐོགས་བྱུང་ཡོད”ཅེས་བརྗོད་པ་རེད།

    ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོའི་ནང་མཉམ་འབྲེལ་རྒྱལ་ཚོགས་ནི་རྒྱལ་ཁབ་ཁག་གི་མཐུན་སྦྱོར་བྱ་སྤྱོད་དང་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པའི་ལས་སྟེགས་གཙོ་བོ་ཞིག་ཡིན་པར་རྒྱབ་སྐྱོར་བརྟན་པོ་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་སྐད་ཆ་ཤོད་དབང་དེ་བས་མང་བ་སྤྲོད་པར་རྒྱབ་སྐྱོར་བྱས་པ་དེས་ཕྱོགས་མང་རིང་ལུགས་བསྐྱར་དར་ཡོང་བར་ཕན་ཐོགས་བྱུང་ཡོད། གཞུང་དྲང་གི་རྒྱལ་སྤྱིའི་མ་ལག་གིས་རྒྱལ་ཁབ་ཚང་མར་འདྲ་མཉམ་གྱི་མཚོན་བྱེད་རང་བཞིན་སྦྱིན་དགོས་པ་དང་། རྒྱལ་ཁབ་ཁག་གི་འཕེལ་རྒྱས་ཀྱི་ཁེ་དབང་ལ་བརྩི་འཇོག་བྱས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གིས་རྒྱལ་ཁབ་ཁག་གི་ལུགས་མཐུན་འདོད་ཚུལ་མཚོན་པར་འགན་ལེན་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།

    “ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་པ་ཞིག་ཡིན། ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོས་མཉམ་སྐྲུན་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་ཚོང་དོན་གནས་བབ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ནང་དེ་བས་ལེགས་པའི་ངང་མཉམ་འདྲེས་ཐུབ་རྒྱུར་རོགས་རམ་བྱས་པ་དང་། 《ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་དན》སོགས་ནང་ཧུར་ཐག་ཞུགས་པ་བརྒྱུད། ཀྲུང་གོས་སྒྲིག་སྲོལ་གཞིར་བཟུང་བའི་རྒྱལ་སྤྱིའི་ཚོང་དོན་མ་ལག་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པ། སྒོ་ཁྲལ་རང་འགུལ་ངང་དམའ་རུ་གཏོང་བ་དང་། ཁྲོམ་རའི་ཆོག་འཐུས་རྒྱ་ཆེར་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ཀྱི་བྱ་ཐབས་ཏན་ཏིག་བརྒྱུད། ཀྲུང་གོས་རང་ངོས་ཀྱི་དཔལ་འབྱོར་འཕེལ་རྒྱས་མངོན་འགྱུར་ཐུབ་པ་མ་ཟད། ཚོང་དོན་རོགས་ཟླར་ཡང་འཕེལ་རྒྱས་ཀྱི་གོ་སྐབས་བཏོད་ཡོད་པ་བཅས་ཀྱི་ནན་བཤད་བྱས་ཤིང་། ཁོང་གིས“ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་ཕྱོགས་མང་རིང་ལུགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་པ་དེས། དེ་བས་བསྟུན་མཁས་རང་བཞིན་དང་མཉེན་གཤིས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་མངོན་འགྱུར་ཡོང་བར་ཕན་པ་ཡོད་པ་དང་རྒྱལ་ཁབ་ཁག་ལག་གདང་སྦྲེལ་ནས་དར་རྒྱས་གོང་འཕེལ་འགྲོ་བར་ཆ་རྐྱེན་བསྐྲུན་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།