ཧྥུའུ་ཅན་ཏེ་ཧྭ་ཡི་རྫ་ཆས་ཕྱི་རྒྱལ་དུ་བྲིན་ཁ་རྒྱུག་པ།

ཉེ་བའི་ལོ་ཤས་རིང་། ཧྥུའུ་ཅན་ཏེ་ཧྭ་ཡིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གྲངས་འཛིན་ཇུས་འགོད་སྤུས་རྟགས་ཅན་དང་ཐོན་སྐྱེད་གྲངས་འཛིན་ཅན་ལ་སྐུལ་འདེད་གཏོང་བ། ཚན་རྩལ་དང་ཐོན་ལས་མཉམ་འདྲེས་མགྱོགས་སུ་གཏོང་བ་བཅས་དང་། དེ་བཞིན“ཀྲུང་གོའི་ཏེ་ཧྭ་ཡི་རྫ་ཆས”ཀྱི་རྒྱལ་སྤྱིའི་སྐོར་སྐྱོད་འགྲེམས་སྟོན་ལ་བརྟེན་ནས་རྫ་ཆས་ཁེ་ལས་ཀྱི་ཐོན་རྫས་དེ་བས་མང་བ་ཕྱི་རྒྱལ་དུ་འཚོང་ཐུབ་པར་རམ་འདེགས་བྱས་ཤིང་། འདི་ནི་ཟླ་1ཚེས་9ཉིན་ཧྥུའུ་ཅན་ཞིང་ཆེན་ཆོན་ཀྲོའུ་གྲོང་ཁྱེར་ཏེ་ཧྭ་རྫོང་གྲོང་ཤར་གསར་སྤེལ་ཁུལ་གྱི་ཀྲུང་གོ་དང་ཕྱི་རྒྱལ་གྱི་མ་དངུལ་མཉམ་བཞག་ཁེ་ལས་ཏུང་ཧྥུའུ་རྫ་ཆས་ཚད་ཡོད་ཀུང་སིའི་འཁོར་ཁང་ནང་བཟོ་པས་རྫ་ཆས་ལ་རྩི་གཏོང་བཞིན་པ།
འབྲེལ་ཡོད་གསར་འགྱུར།