དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱིས་ཐབས་མང་མཉམ་སྤྱོད་བྱས་ནས་རྒན་རྒོན་ལ་ཞབས་འདེགས་ཧུར་ཐག་ཞུས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-01-15

    ཚེས་13ཉིན་འཚོགས་པའི་བོད་རང་སྐྱོང་ལྗོངས་གཞུང་ཕྱོགས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ངོ་སྤྲོད་བྱས་པར་གཞིགས་ན། 2025ལོའི་བར། བོད་ཀྱིས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཁག་80བསྐྲུན་པར། རྫོང་རིམ་པའི་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་སྒྲིག་གཞི་ཡོངས་སུ་ཁྱབ་ནས་རྒན་རྒོན་5825ལ་གཅིག་སྡུད་བསྙེན་བཀུར་བྱེད་བཞིན་ཡོད་པ་རེད། རྒན་གསོའི་ཉལ་ཁྲི་ཁྲི་1.2ལྷག་ཙམ་བཀོད་སྒྲིག་བྱས་པའི་ནང་། ནད་ཞབས་རྣམ་པའི་ཉལ་ཁྲིས་55%ཟིན་ཡོད་པ་རེད། རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཁག་65དང་གྲོང་གསེབ་བདེ་སྐྱིད་ཁང་195བསྐྲུན་ནས་རྒན་རྒོན་ལ་རྒན་གསོའི་ཞབས་འདེགས་སྣ་ཚོགས་ཞུ་བཞིན་ཡོད་པ་རེད།

    རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། བོད་ཡོངས་སུ་ལོ་60དང་དེ་ཡན་གྱི་མི་འབོར་ཁྲི་31.1ཡོད་པ་དེས་རྒྱུན་སྡོད་མི་འབོར་གྱི་8.52%ཟིན་པ་དང་། ལོ་65དང་དེ་ཡན་གྱི་མི་འབོར་ཁྲི་20.7ཡོད་པ་དེས་རྒྱུན་སྡོད་མི་འབོར་གྱི་5.67%ཟིན་ཡོད། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་པའི་གྲངས་གཞི་དང་བསྡུར་ན། བོད་ལྗོངས་ཀྱི་ལོ་60དང་དེ་ཡན་དང་ལོ་65དང་དེ་ཡན་གྱི་མི་འབོར་གྱི་བསྡུར་ཚད་བརྒྱ་ཆའི་གྲངས་0.85དང་0.58སོ་སོར་འཕར་ནས། ལོ་རེའི་ཆ་སྙོམས་འཕར་ཚད་3.05%དང་3.07%སོ་སོར་ཟིན་ཡོད། དེའི་ནང་ལོ་60དང་དེ་ཡན་གྱི་མི་འབོར་གྱི་ལོ་རེའི་ཆ་སྙོམས་འཕར་ཚད་བོད་ལྗོངས་ཀྱི་མི་འབོར་གྱི་ལོ་རེའི་ཆ་སྙོམས་འཕར་ཚད་ལས་མཐོ་བ་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་ཏང་ཙུའི་ཁོངས་མི་དང་ཐིང་ཀྲང་གཞོན་པ་ལྷ་མོ་སྒྲོལ་མས། སྤྱི་ཚོགས་འགན་སྲུང་ཐད། 2025ལོར་བོད་ཀྱིས་མི་སྒེར་གྱི་རྒན་གསོའི་དངུལ་གྱི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། བསྡོམས་རྩིས་བརྒྱབ་ན། མི་སྒེར་གྱི་རྒན་གསོའི་དངུལ་གྱི་རྩིས་ཁྲ་བཟོས་ཚད་ཁྲི་53.92ཟིན་པ་དང་གྲོན་དངུལ་སྒོར་དུང་ཕྱུར་1.61(མི་དམངས་ཤོག་སྒོར། གཤམ་དུའང་གཅིག་པ་ཡིན)འཇལ་ཡོད་པ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་སྒོར་30མང་དུ་བཏང་ནས། མི་རེར་ཟླ་རེར་སྒོར་295ཟིན་པ་དེས་མི་ཁྲི་31.82ལ་ཕན་པ་ཐོབ་ཡོད། རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་རྒྱལ་ཡོངས་ཀྱི་གཅིག་གྱུར་ཚད་གཞིའི་ལྡབ་གཉིས་ཟིན་ནས་རྒྱལ་ཡོངས་ཀྱི་ཨང་བཞི་པར་སླེབས་ཡོད། ཁེ་ལས་དང་ལས་ཁུངས་དང་བྱ་གཞག་ཚན་པའི་རྒན་ཡོལ་ཞུས་པའི་མི་སྣའི་རྒན་གསོའི་དངུལ་ལེགས་སྒྲིག་བྱས་པ་དེས་མི་ཁྲི་12ལྷག་ཙམ་ལ་ཕན་པ་ཐོབ་ཡོད་ཅེས་ངོ་སྤྲོད་བྱས།

    བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་རྒོད་སྐྱེས་ཀྱིས། 2025ལོའི་ལོ་མཇུག་བར། བོད་ཀྱི་རིམ་པ་གཉིས་པ་དང་དེ་ཡན་གྱི་ཕྱོགས་བསྡུས་རང་བཞིན་གྱི་སྨན་ཁང་62%ཀྱིས་རྒན་རྒོན་གྱི་གསོ་རིག་ཚན་ཁག་བཙུགས་པ་དང་སྨན་བཅོས་ཚན་པ་85%རུ་རྒན་རྒོན་གྱི་མཛའ་མཐུན་སྨན་བཅོས་སྒྲིག་གཞི་བཙུགས་ཡོད་པ་རེད། དེ་དང་ཆབས་ཅིག བོད་ཀྱིས་རྒན་རྒོན་གྱི་ནད་གཞིར་དམིགས་ཏེ་ནད་ཐོག་གཙོ་གནད་ཆེད་ལས་ཚན་ཁག་འཛུགས་པར་སྐུལ་འདེད་བཏང་བ་ལས། རྒན་རྒོན་གྱི་བདེ་ཐང་ཞབས་ཞུའི་མ་ལག་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།