མཚོ་སྔོན་གྱིས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནང་ཁྲིམས་འགལ་ངང་འཛུལ་བའི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བ།
ཉེ་ཆར། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱིས《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནང་ཁྲིམས་འགལ་ངང་འཛུལ་བའི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བའི་སྐོར་གྱི་གསལ་བརྡ》བཀྲམ་སྟེ། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནས་ཁྲིམས་འགལ་ངང་སྒྲོལ་བ་དང་། ཉེན་བརྟག་མྱུལ་དཔྱད་བྱེད་པ། རྐང་ཐང་དུ་འགྲོ་བ། ཡུལ་སྐོར་བྱེད་པ་སོགས་ཀྱི་བྱེད་སྒོ་རང་དགར་སྤེལ་མཁན་གྱི་རྩ་འཛུགས་དང་མི་སྒེར་ལ་འབྲེལ་ཡོད་བཅའ་ཁྲིམས་ཀྱི་ཁྲིམས་སྲོལ་གཞིར་བཟུང་ཆད་པ་ནན་པོ་གཅོད་རྒྱུ་དང་འབྲེལ། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནང་འཛུལ་མི་ཆོག་པའི་མིང་ཐོའི་ནང་འཇུག་རྒྱུ་རེད།
《གསལ་བརྡའི》ནང་ཁ་གསལ་བསྟན་དོན། རྩ་འཛུགས་དང་མི་སྒེར་གང་རུང་གིས་ཆོག་མཆན་མ་ཐོབ་པར་རང་དགར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནས་སྒྲོལ་བ་དང་། ཉེན་བརྟག་མྱུལ་དཔྱད་བྱེད་པ། རྐང་ཐང་དུ་འགྲོ་བ། ཡུལ་སྐོར་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་མི་ཆོག་པ་དང་། རྩ་འཛུགས་དང་མི་སྒེར་གང་རུང་གིས་བྱ་ཐབས་གང་རུང་སྤྱད་ནས་རང་དགར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནང་ཡུལ་སྐོར་དང་། བསྐྱོད་པ། ཉེན་བརྟག་མྱུལ་དཔྱད་བྱེད་པ། རྐང་ཐང་མར་འགྲོ་བ་སོགས་ལ་བསླུ་འགུག་བྱེད་པའམ། ཡང་ན་མི་གཞན་བཀུག་ནས་ཁྲིམས་འགལ་བྱེད་སྤྱོད་སྤེལ་རྒྱུའི་ཆ་འཕྲིན་ཡོངས་བསྒྲགས་བྱེད་མི་ཆོག གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནས་རང་དགར་ཁྲིམས་འགལ་ངང་སྒྲོལ་བ་དང་། ཉེན་བརྟག་མྱུལ་དཔྱད་བྱེད་པ། རྐང་ཐང་དུ་འགྲོ་བ། ཡུལ་སྐོར་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས་མི་ལུས་ལ་འཆི་རྨས་བྱུང་བ་སོགས་ཀྱི་དོན་རྐྱེན་ལྷག་ཚེ། བྱེད་སྒོ་སྒྲིག་འཛུགས་བྱེད་མཁན་གྱི་རྩ་འཛུགས་སམ་མི་སྒེར་གྱིས་འགན་ཆ་ཚང་འཁུར་དགོས། སྤྱི་པའི་ཐོན་ཁུངས་སྤྱད་ནས་རོགས་སྐྱོབ་བྱས་ཚེ་འབྲེལ་ཡོད་ཁྲིམས་སྲོལ་གཞིར་བཟུང་། བྱེད་སྒོ་སྤེལ་མཁན་རྩ་འཛུགས་སམ་མི་སྒེར་གྱིས་རོགས་སྐྱོབ་བྱེད་རིང་གི་འབྲེལ་ཡོད་གྲོན་དངུལ་རྩིས་རྒྱག་དགོས།
འབྲེལ་ཡོད་གསར་འགྱུར།