དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • སྲིད་གཞུང་གིས་མཚམས་སྦྱོར་བྱས་པ་དང་། བོད་སྐྱོར་གྱིས་འབྲེལ་ཟམ་བཙུགས་པ། འགག་སྒོས་རམ་འདེགས་བྱས་པ། ཟོག་འགྲེམས་ཀྱིས་ནུས་ཤུགས་བཏོན་པ།

    ལྷོ་ཁའི་རྒུན་ཆང་གི་དྲི་ཞིམ་ཤང་ཀང་གི་ཁྲོམ་རར་འཐུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-01-15

    2026ལོའི་གནམ་ལོ་གསར་ཚེས་ཀྱི་དུས་ཆེན་བཏང་མ་ཐག ས་མཐོའི་ཐུན་མིན་གྱི་བྲོ་བས་ཕྱུག་པའི་རྒུན་ཆང་ཁག་གཅིག་ཀྲུང་གོའི་ཤང་ཀང་ཕྱོགས་སུ་དབོར་འགོ་ཚུགས། དེ་ནི་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་ཕག་གྲུའི་རྒུན་ཆང་ཤང་ཀང་དུ་དབོར་ཐེངས་དང་པོ་རེད།

    ས་མཐོའི་རོ་མཆོག་བདུད་རྩི་དེ་དག་ཤང་ཀང་གི་ཁྲོམ་རར་འབྱོར་བའི་རྒྱབ་ཕྱོགས་སུ་ཕྱོགས་མང་མཉམ་ལས་བྱས་ཏེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དྲོ་སྐྱིད་ལྡན་པའི་གཏམ་རྒྱུད་ཅིག་ཡོད།

    རྒུན་ཆང་དེ་དག་ཤང་ཀང་དུ་དབོར་ཐུབ་པ་ནི་བརྒྱུད་རིམ་ཧྲིལ་པོར་ཟོག་འགྲེམས་དྲ་རྒྱའི་འདེགས་སྐྱོར་བརྟན་པོ་དང་། རིམ་ཁག་སྲིད་གཞུང་དང་བོད་སྐྱོར་སྟོབས་ཤུགས་ཀྱི་གནད་སྨིན་རོགས་སྐྱོར། འགག་སྒོ་ལས་ཁུངས་ཀྱི་ཞབས་འདེགས་བཅས་ཀྱི་རམ་འདེགས་དང་ཁ་འབྲལ་ཐབས་མེད་པ་ཤེས་མཁན་ཧ་ཅང་ཉུང་ཉུང་ཡིན།

    “ཤང་ཀང་ཚོང་ཤག་གི་ལག་ཏུ་རྒུན་ཆང་བདེ་བླག་ངང་འབྱོར་བར་དང་ཐོག་ང་ཚོའི་སྔར་བས་འཐུས་སྒོ་ཚང་བའི་ཟོག་འགྲེམས་དྲ་རྒྱ་ཐོགས་མེད་ཡོད་པས་རེད”ཅེས་ཕག་གྲུ་རུང་ཧྲུན(ས་གཙང)གཞིས་ཀ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲང་ཁྲུན་དབྱང་གིས་བཤད་པ་དང་། ཁོང་གིས་ལྷོ་ཁ་གྲོང་ཁྱེར་གྱི“ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་ཟོག་འགྲེམས་ཀྱི་འགན་སྲུང་ལེགས་སུ་སོང་བའི་ཕན་འབྲས་མངོན་གསལ་དོད་པོའི་སྐོར་བརྗོད། ཟོག་འགྲེམས་ཤར་བགྲོད་མེད་པ་ནི་དེ་སྔ་བོད་ཀྱི་ཁྱད་ལྡན་ཡུལ་ཟོག་ས་མཐོ་ནས་ས་ཕྱོགས་གཞན་དུ་དབོར་འདྲེན་ཁག་པའི་འཇུར་མིག་ཆེ་ཤོས་ཤིག་ཡིན་ཞིང་། ལྷོ་ཁ་གྲོང་ཁྱེར་གྱིས་སྔོན་ལ་དཀའ་གནད་དེ་བསལ་ཡོད།

    ཟངས་རི་རྫོང་ཕག་གྲུ་རུང་ཧྲུན་གཞིས་ཀའི་རྒུན་འབྲུམ་རྟེན་གཞིར། གྲོང་ཚོ་རིམ་པའི་སྐུར་སྐྱེལ་ཟོག་འགྲེམས་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་ཀྱི་སྒོ་བྱང་སྔོན་པོ་མངོན་གསལ་རབ་ཏུ་དོད་ཅིང་། ཞབས་ཞུའི་ས་ཚིགས་འདིས་སྦྲག་སྲིད་དང་ཀྲུང་ཐུང་སོགས་མྱུར་སྐྱེལ་ཀུང་སི་8ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཡོད་པས། ཞིང་འབྲོག་པར“གྲོང་ཚོ་ནས་དོན་མི་དགོས་པར་ཅ་ལག་ཉོ་ཐུབ་པའི”སྟབས་བདེའི་ཞབས་ཞུ་ལོངས་སྤྱོད་ཐུབ་ཡོད། “དེ་སྔ་ས་ཕྱོགས་གཞན་དུ་དབོར་རྒྱུ་ལྟ་ཞོག རྒུན་འབྲུམ་བཏུས་རྗེས་བསྙལ་ཁང་དུ་དབོར་བར་ཡང་དཀའ་ལས་ཆེན་པོ་ཡོད” ད་ཆ“སྦྲག་སྲིད་དང་མྱུར་སྐྱེལ་མཉམ་ལས”དང“འགྲུལ་ཟོག་སྦྲག་གསུམ་མཉམ་འདྲེས”ལ་བརྟེན་ནས་ང་ཚོའི་རྒུན་འབྲུམ་འཐུ་བ་དང་། སོས་ཉར། ལས་སྣོན་བཅས་ནས་དབོར་འདྲེན་བར་གྱི་བརྒྱུད་རིམ་ཧྲིལ་པོ་འབྲེལ་མཐུད་ནུས་ལྡན་ཐུབ་ཡོད་ཅེས་ཀྲང་ཁྲུན་དབྱང་གིས་ཕྱིར་དྲན་བྱེད་བཞིན་བཤད།

    ན་ནིང་ཟླ་9པར་རྟེན་གཞིའི་རྒུན་འབྲུམ་སྨིན་པའི་དུས་ཚིགས་ཡིན་ཞིང་། ཨ་ཅག་གཅིག་ཆེད་མངགས་ནག་ཆུ་ནས་ཡོང་སྟེ་ཉོ་ཐེངས་གཅིག་ལ་རྒུན་འབྲུམ་སོས་པ་རྒྱ་མ་བཅུ་གྲངས་ཉོས་པ་རེད། ཨ་ཅག་དེས་ཀྲང་ཁྲུན་དབྱང་ལ་བོད་ཡུལ་རང་ནས་ཐོན་པའི་རྒུན་འབྲུམ་སོས་པ་ཡིན་ཅིག་བྲོ་བ་ལྟ་དགོས་ཞེས་བཤད།

    དེས་ན་ཁོང་ཚོས་སྔ་རྗེས་སུ་ནག་ཆུ་དང་མངའ་རིས་སོགས་ཀྱི་དྲ་ཚོང་ལས་སྟེགས་བཏོད་པ་རེད།

    “ཐོན་རྫས་བོད་ནས་ལྗོངས་ཕྱིར་དབོར་བར་གནད་དོན་ཁག་གཅིག་འཕྲད་མྱོང་། ས་བབ་དང་རླུང་གནོན་གྱི་རྐྱེན་པས་ང་ཚོས་དབུགས་བཀང་ནས་ཐུམ་སྒྲིལ་བརྒྱབ་པའི་རྒུན་འབྲུམ་སོས་པ་དང་རྒུན་ཆང་ནང་སར་འབྱོར་སྐབས་དབུགས་འཇོམས་ཏེ་ཐོན་རྗས་འཕྲོ་བརླག་ཏུ་སོང་ཡོད་པས་གྱོང་གུན་མི་ཉུང་བ་ཕོག་བྱུང”ཞེས་ཀྲང་ཁྲུན་དབྱང་གིས་བཤད།

    ཟོག་འགྲེམས་ཀུང་སི་དང་ཁོང་ཚོས་མཉམ་དུ་ཐབས་ཤེས་གཏོང་སྐབས། འདྲེས་སྦྱོར་དཀའ་བའི་དབུགས་ཀྱི་སོས་ཉར་མ་གནས་ཧ་ཅང་མཐོ་པོ་ཡོད་པ་དང་ལུགས་ཆས་ནང་བླུགས་ཏེ་དབོར་ན་བྲོ་བ་ཉམས་འགྲོ་ཡི་ཡོད། ཕྱིས་སུ་གཉིས་ཀར་ཕན་པའི་ཐབས་ཤེས་ཤིག་རྙེད་པ་སྟེ། “བར་འགྲིམ་མཛོད་ཁང”བསྐྲུན་རྒྱུ་དེ་རེད། སོས་ཉར་རླངས་འཁོར་གྱིས་ཐོན་རྫས་ཀླུང་ཐང་ཁུལ་དུ་དབོར་རྗེས་ཚོང་ཤག་གིས་དྲ་ཐོག་ནས་ཉོ་བ་དང་དེ་རྗེས་ཐོན་རྫས་ཐུམ་བརྒྱབ་སྟེ་བསྐུར་གྱི་ཡོད། མིག་སྔར། ཀུང་སིས་ཁྲེང་ཏུའུ་དང་ཁུན་མིང་སོགས་སུ་སྔོན་འཇོག་མཛོད་ཁང་བསྐྲུན་ཟིན་ཡོད་པས། ལས་ཕྱོད་ཆེ་རུ་ཕྱིན་པ་མ་ཟད་འཕྲོ་བརླག་འགྲོ་ཚད་ཉུང་དུ་ཕྱིན་ཡོད།

    རྒུན་ཆང་ཤང་ཀང་དུ་དབོར་བ་དེ་ནི་ཟངས་རི་རྫོང་གིས་ཧུའུ་ནན་གཡོད་དབྱང་གི་བོད་སྐྱོར་སྟོབས་ཤུགས་དང་གནད་སྨིན་འབྲེལ་མཐུད་ཀྱིས་འབྲེལ་ཟམ་བཙུགས་པ་དང་ཁ་འབྲལ་ཐབས་མེད།

    ན་ནིང་གི་སྟོན་གཞུང་། ཕག་གྲུ་རྒུན་འབྲུམ་རྟེན་གཞིར་གྲོས་བསྡུར་འཁྲུག་པོ་ཞིག་བྱས་ཤིང་། གཡོད་དབྱང་གི་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་བཅུ་གཅིག་པས་ཡུལ་དེ་གའི་ལས་བྱེད་པ་དང་ཁེ་ལས་ཀྱི་འགན་འཁུར་བ་དང་མཉམ་དུ་རྒུན་འབྲུམ་ཐོན་ལས་ཀྱི་རིམ་སྤོར་ཐབས་ལམ་ཐད་གྲོས་བསྡུར་བྱས་པ་རེད།

    བརྟག་ཞིབ་བྱེད་རིང་། བོད་སྐྱོར་ལས་བྱེད་པས་སྔོན་ཐོན་གྱི་འཕེལ་རྒྱས་བློ་གྲོས་བཏོན་པ་མ་ཟད། ཁེ་ལས་ལ་ཕྱི་རོལ་གྱི་ཐོན་ཁུངས་འབྲེལ་སྦྱོར་ཡང་བྱས་པ་རེད། ཕྱོགས་མང་པོའི་མཐུན་སྦྱོར་འོག ཉིང་ཁྲི་ནས་ལྷོ་ཁ་དང་ལྷ་ས་བརྒྱུད་གཞིས་རྩེ་བར་གྱི་ཡུལ་སྐོར་ལམ་ཐིག་བརྒྱུད་མཁན་གྱི་ཡུལ་སྐོར་བ་རྒུན་འབྲུམ་རྟེན་གཞིར་ཡོང་ནས་མངར་སིལ་ལྡན་པའི་གངས་ལྗོངས་ཀྱི་རྒུན་འབྲུམ་སོས་པ་འཐུ་བ་དང་ས་མཐོའི་རྒུན་ཆང་གི་བྲོ་བ་མྱོང་བའི་ཡིད་དབང་བཀུག་ཡོད།

    ད་ཐེངས་ཤང་ཀང་དུ་དབོར་བའི་རྒུན་ཆང་གི་ཚོང་ཤག་དེ་དག་ཀྱང་ཡུལ་སྐོར་ལམ་ཐིག་དེ་བརྒྱུད་ནས་ཡོང་མཁན་གྱི་ཡུལ་སྐོར་བ་རེད།

    འགག་སྒོ་བདེ་བླག་ངང་སྒྲོལ་བ་དེས་ཀྱང་ས་མཐོའི་རྒུན་ཆང་ཤང་ཀང་དུ་བདེ་བླག་ངང་དབོར་བར་སྟབས་བདེ་སྐྲུན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ས་མཐོའི་རྒུན་ཆང་གི་ཁྱད་ཆོས་ལ་དམིགས་ནས་བར་སྐོར་འགག་སྒོ་ལས་ཁུངས་ཀྱིས་འགག་སྒྲོལ་གོ་རིམ་ཞིབ་ཕྲ་རུ་བཏང་བ་མ་ཟད། ད་དུང་ནང་ས་དང་ཤང་ཀང་གི་རྒུན་ཆང་ཐད་ཀྱི་ཚད་གཞིའི་ཧེ་བག་སྔ་སྣུར་ནས་ལེགས་སྒྲིག་བྱས་ཏེ་ཁེ་ལས་ལ་མཚོན་རྟགས་ཚད་ལྡན་དུ་གཏོང་བ་དང་བདེ་འཇགས་དང་འཕྲོད་བསྟེན་གྱི་རྣམ་གྲངས་ཞིབ་དཔྱད་ཐུབ་པར་མཛུབ་ཁྲིད་བྱས་ཡོད།

    ཞབས་ཞུ་ཞིབ་ཚགས་འདི་ལྟ་བུ་ཡོད་པས་ས་མཐོའི་རྒུན་ཆང་འགག་སྒྲོལ་གྱི་འགྲོ་ལུགས་བདེ་བླག་ངང་གཉེར་ཐུབ་ནས་དུས་བཀག་ལྟར་ཤང་ཀང་དུ་འབྱོར་ཡོད།

    རྒུན་ཆང་ཤེལ་དམ་གང་ལ་ཟོག་འགྲེམས་དྲ་རྒྱའི་ཤར་བགྲོད་དང་། བོད་སྐྱོར་བརྩེ་སེམས་ཟབ་མོ། འགག་སྒོ་ལས་ཁུངས་ཀྱི་ཞབས་ཞུའི་དྲོད་ཚད་བཅས་འདུས་ཡོད་ལ། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་བོད་ཀྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཁ་གཏད་རོགས་སྐྱོར་ཟབ་གཏོང་། ཚོང་གཉེར་ཁོར་ཡུག་ལེགས་གཏོང་སོགས་ཐད་ཀྱི་མངོན་གསལ་དོད་པའི་ཕན་འབྲས་དེ་བས་ཀྱང་མངོན་ཡོད།

    འགྲིམ་འགྲུལ་དང་། ཟོག་འགྲེམས། ཞབས་ཞུ་བཅས་སྤུས་འབྲས་ལེགས་གཉེར་བྱུང་བའི་ད་ཆའི་དུས་སུ། སྔོན་མའི་གངས་ལྗོངས་ས་མཐོའི་ཁྱད་ལྡན་ཡུལ་ཟོག་ས་ཕྱོགས་གཞན་དུ་འདྲེན་པའི་འཇུར་མིག་རིམ་བཞིན་བསལ་ཡོད། ཕྱོགས་མང་པོས་མཉམ་དུ་གཡས་གཞོགས་གཡོན་འདེགས་བྱས་པ་བརྒྱུད། ས་མཐོའི་ཁྱད་ལྡན་ཡུལ་ཟོག་དེ་བས་མང་བ་དེ་བས་རྒྱ་ཆེ་བའི་ཁྲོམ་རར་འཚོང་ཐུབ་པའི་ཡིད་ཆེས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།