དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གསེར་རྙེད་ཆུས་ཀྱིས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་རྣམ་པ་གསར་པ་བཏོད་པ།

    ཤང་དང་གྲོང་རྡལ་གྱི་ཏང་གི་སློབ་གྲྭའི་སློབ་ཁྲིད་ས་ཚིགས་ཡོངས་སུ་བསྐྲུན་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-01-15

    ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱིས་ཏང་ཡོན་8000ལྷག་ཙམ་གྱི་གསོ་སྦྱོང་གི་དགོས་མཁོར་དམིགས་ནས་རྩེ་རིམ་ཇུས་འགོད་ཤུགས་ཆེར་བཏང་སྟེ་ཕྱོགས་ཡོངས་ལ་ཁྱབ་པ་དང་། རིམ་པ་གསལ་བ། དོ་དམ་ཚད་ལྡན་བཅས་ཀྱི་ཏང་གི་སློབ་གྲྭའི་སློབ་གསོ་གསོ་སྦྱོང་མ་ལག་ནུས་ཤུགས་ཡོད་རྒུས་བཏོད་པས་ཤང་དང་གྲོང་རྡལ་12ཀྱི་ཏང་གི་སློབ་གྲྭའི་སློབ་ཁྲིད་ས་ཚིགས་ཡོངས་སུ་བསྐྲུན་ཟིན་པ་རེད།

    གསེར་རྙེད་ཆུས་ཀྱིས་ཤང་དང་གྲོང་རྡལ་གྱི་ཏང་གི་སློབ་གྲྭའི་སློབ་ཁྲིད་ས་ཚིགས་ཚད་ལྡན་ཅན་འཛུགས་སྐྱོང་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ་གསོ་སྦྱོང་མ་ལག་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། ཤང་དང་གྲོང་རྡལ་རིམ་པའི་ཏང་གི་སློབ་གྲྭའི“ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་པ་དང་། སློབ་གསོའི་གསོ་སྦྱོང་བྱེད་པ། གཞི་རིམ་ལ་ཞབས་འདེགས་ཞུ་བ”བཅས་ཀྱི་ལས་ཀའི་མ་ལག་བཙུགས་ནས། གཞི་རིམ་ཏང་ཡོན་གྱི་སློབ་གསོའི་རྒྱུན་རྣམ་ཅན་གྱི་གསོ་སྦྱོང་གི“མཐའ་མའི་འགག་གནད”བསལ་ཡོད། 2025ལོ་ཚུན་དུ། རིམ་རྩིས་བརྒྱབ་ན་གསོ་སྦྱོང་ཐེངས་24སྤེལ་ནས་མི་ཐེངས་2500ལྷག་ཙམ་ལ་གསོ་སྦྱོང་བྱས་ཡོད། སློབ་ཁྲིད་དོ་དམ་ཚད་ལྡན་ཅན་གྱི་ཚད་གཞི་80%མཐོ་རུ་བཏང་བས་སློབ་མའི་བློ་ཡིད་འཚིམ་ཚད་90%ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།