རང་ལྗོངས་ཀྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་7000གི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་བ།
དུས་མཚུངས་ལས་16.54%འཕར་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན་པ།
ཉེ་ཆར། གསར་འགོད་པར་ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། 2025ལོའི་ཟླ་12པའི་ཟླ་མཇུག་བར། རང་ལྗོངས་ཀྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་7000གི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ནས་སྒོར་དུང་ཕྱུར་7006.59ཟིན་པ་དེ་དུས་མཚུངས་ལས་16.54%འཕར་བ་དང་། འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན་པ་རེད།
2025ལོའི་ཟླ་བ་དང་པོ་ནས་དགུ་པའི་བར། རང་ལྗོངས་ཀྱི་དངུལ་རྩའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར་171.85ཟིན་པ་དེ་དུས་མཚུངས་ལས་24.2%འཕར་བ་དང་། འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ནས། ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ཚད་34.2%ཟིན་པ་དང་། ལྗོངས་ཡོངས་ཀྱི་དཔལ་འབྱོར་བརྒྱ་ཆའི་གྲངས་2.4འཕར་བར་སྐུལ་ཁྲིད་བྱས་ཡོད། དངུལ་རྩའི་ལས་རིགས་དེ་རང་ལྗོངས་ཀྱི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་གྱི་གྲས་ཤིག་ཏུ་གྱུར་ནས། ཁྱབ་ཁོངས་ཁག་གི་དངུལ་བུན་གྱི་གྲངས་ཚད་འཕར་བ་དང་། ཁྱབ་རྒྱ་ཆེ་རུ་ཕྱིན་པ། སྤུས་ཚད་མཐོ་རུ་ཕྱིན་པ་བཅས་མངོན་འགྱུར་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།