མཚོ་སྔོན་མདོ་ལར་ཡུལ་སྐོར་གྱི་ཚ་རླབས་འཕྱུར་བ།

འདི་ནི་ཟླ་1ཚེས་10ཉིན་པར་བརྒྱབ་པའི་མདོ་ལ་རྫོང་ཨ་མྱེས་སྟོང་སོ་ནགས་ཀླུང་སྒར་སའི་རྟེན་གཞི་ཡིན་པ(མི་མེད་གནམ་གྲུས་བརྒྱབ་པའི་པར)

འདི་ནི་ཟླ་1ཚེས་10ཉིན། མདོ་ལ་རྫོང་ཨ་མྱེས་སྟོང་སོ་ནགས་ཀླུང་སྒར་སའི་རྟེན་གཞིར་ཡུལ་སྐོར་བས་གངས་འཁྱགས་རྩེད་མོར་རོལ་བཞིན་པ།
དགུན་ཁ་ཤར་ཚུན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདོ་ལ་རྫོང་གིས་གངས་རི་དང་ནགས་ཚལ་གྱི་སྐྱེ་ཁམས་ཐོན་ཁུངས་ལ་གཞི་ཚུགས་ཏེ། ཨ་མྱེས་སྟོང་སོ་ནགས་ཀླུང་སྒར་སའི་རྟེན་གཞིར་གངས་ཀླུང་སྦག་སྦག་དང་ནགས་ཁྲོད་རྐང་ཐང་སོགས་ཀྱི་ཡུལ་སྐོར་རྣམ་གྲངས་བཏོན་པས། གུང་གསེང་སྤྲོ་གསེང་གི་འཛད་སྤྱོད་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་ནས། དགུན་དུས་ཡུལ་སྐོར་གྱི་ཚ་རླབས་འཕྱུར་ཡོད།
འབྲེལ་ཡོད་གསར་འགྱུར།