“འདི་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོ་ལ་ཧྲིལ་པོའི་རིན་ཐང་རེད”
“ཀྲུང་གོས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་ཞིག་ཏུ་བསྐྱོད་ཡོད” ཉེ་ཆར། ཨེ་ཅིབ་པེ་ཉི་སུའུ་ཝེ་ཧྥུའུ་སློབ་ཆེན་གྱི་ཆབ་སྲིད་རིག་པའི་དགེ་རྒན་ཆེ་མོ་བ་ནཱ་ཏི་ཡ·ཞི་ལེ་སྨི་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་འཛམ་གླིང་གི་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་བཏང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་ཡོད་ཅེས་བརྗོད།
ནཱ་ཏི་ཡ་ཡིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་དེང་རབས་ཅན་གྱི་འཕེལ་རིམ་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཁོང་གིས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་འགོ་ཁྲིད་ནས་ཡུན་རིང་འཚོལ་ཞིབ་དང་ལག་ལེན་བྱས་པའི་གྲུབ་འབྲས་གལ་ཆེན་ཞིག་རེད། “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ལས་མི་དམངས་ལ་ཕན་པ་ཐོབ་པ་དང་དམངས་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་ཡོད། དམངས་ཚོགས་དེང་རབས་ཅན་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་དགེ་མཚན་ལྡན་པའི་སྟོབས་ཤུགས་དེ་བས་མང་བ་འདུས་ཡོད”ཅེས་ངོས་འཛིན་བྱས་པ་རེད།
ཀྲུང་གོས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ལ་ནཱ་ཏི་ཡ་ཡིས་དོ་ཁུར་ཟབ་མོ་བྱེད་ཀྱི་ཡོད། ཁོང་གིས། ལམ་ལུགས་འཛུགས་སྐྱོང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འགན་སྲུང་བྱེད་ཀྱི་ཡོད། གོ་ལ་ཧྲིལ་པོའི་དཔལ་འབྱོར་སྒྲིག་གཞི་ཆེ་གྲས་གཉིས་པ་དང་འགན་འཁྲི་འཁུར་ཕོད་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཞི་བདེའི་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་པས། གོ་ལ་ཧྲིལ་པོའི་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་བབ་དང་ལྷག་པར་དུ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཤུགས་རྐྱེན་གལ་ཆེན་ཐེབས་ཡོད་པའི་ངོས་འཛིན་བྱས་པ་རེད།
ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཨེ་ཅིབ་ཀྱིས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་བྱས་པར་ཕན་འབྲས་བཟང་པོ་ཐོན་པ་དང་། ཀྲུང་གོ་ནི་ཨེ་ཅིབ་ཀྱི་ཚོང་དོན་རོགས་ཟླའི་རྒྱལ་ཁབ་ཆེ་གྲས་དང་པོའི་གནས་བབ་ཏུ་བརྟན་པོར་གནས་ཡོད་ལ། ཉེ་བའི་ལོ་ཤས་རིང་ཨེ་ཅིབ་ལ་མ་འཇོག་མང་ཤོས་དང་འཕར་ཚད་མགྱོགས་ཤོས་ཀྱི་རྒྱལ་ཁབ་ཅིག་ཀྱང་རེད། ནཱ་ཏི་ཡ་ཡིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་དུ་སྐྱོད་པར་རོགས་རམ་བྱས་ནས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་དམངས་འཚོའི་བདེ་རྩ་ལེགས་སུ་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད་ཅེས་བརྗོད།
ནཱ་ཏི་ཡ་ཡིས། ཨེ་ཅིབ་ཚུད་པའི་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་འཕེལ་རྒྱས་དང་དར་རྒྱས། མི་དམངས་བདེ་སྐྱིད་བཅས་མངོན་འགྱུར་ཡོང་བར་ཐུན་མོང་གི་རེ་སྙེག་འཆང་བཞིན་ཡོད། “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཀྲུང་གོའི་མི་དམངས་ལ་ཕན་ཐོགས་ཡོད་ལ་འཛམ་གླིང་ལའང་ཕན་ཐོགས་ཡོད” ཀྲུང་གོས་རང་ངོས་འཕེལ་རྒྱས་གཏོང་བ་བརྒྱུད་དེང་རབས་ཅན་མངོན་འགྱུར་ཡོང་བ་བྱས་ནས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་མཐུན་པའི་དེང་རབས་ཅན་གྱི་འགྲོ་ལམ་ཞིག་ཏུ་ལེགས་གྲུབ་ལྡན་པའི་ངང་བསྐྱོད་པ་དང་དུས་མཚུངས་རྒྱལ་ཁབ་གཞན་དག་གི་འཕེལ་རྒྱས་ལའང་རོགས་རམ་བྱས་པ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་ནས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་སྐུལ་ལྕག་བྱས་པ་མ་ཟད། འཕེལ་རྒྱས་ཀྱི་ཉམས་མྱོང་དང་གོ་སྐབས་ཀྱང་སྤྲད་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། “འདི་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོ་ལ་ཧྲིལ་པོའི་རིན་ཐང་རེད”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།