“ཞི་བདེའི་སྙིང་སྟོབས—2026”
མཚོ་ཐོག་མཉམ་འབྲེལ་ནང་སྦྱོང་གི་འགོ་ཚུགས་མཛད་སྒོ་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁའེ་ཕུའུ་ཏུན་ནས་ཟླ་1ཚེས་11ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་10ཉིན་གྱི་སྔ་དྲོར། “ཞི་བདེའི་སྙིང་སྟོབས—2026”གི་མཚོ་ཐོག་མཉམ་འབྲེལ་ནང་སྦྱོང་གི་འགོ་ཚུགས་མཛད་སྒོ་ལྷོ་ཨ་ཧྥེ་རི་ཁའི་གྲོང་ཁྱེར་ཁའེ་ཕུའུ་ཏུན་གྱི་ཤིས་མོན་སི་ཏུན་གྲུ་ཁར་འཚོགས་པ་དང་། ཀྲུང་གོ་དང་། ཨུ་རུ་སུ། ལྷོ་ཨ་ཧྥེ་རི་ཁ་སོགས་འབོ་གསེར་ཁོངས་མིའི་རྒྱལ་ཁབ་ནང་སྦྱོང་ལ་ཞུགས་པ་རེད།
ད་ཐེངས་ཀྱི་མཉམ་འབྲེལ་ནང་སྦྱོང་གི་བརྗོད་གཞི་ནི“མཚོ་ཐོག་སྐྱེལ་འདྲེན་གྱི་བགྲོད་ལམ་གལ་ཆེན་དང་དཔལ་འབྱོར་བྱེད་སྒོའི་བདེ་འཇགས་སྲུང་སྐྱོང་བྱེད་པའི་མཉམ་འབྲེལ་བྱ་སྤྱོད”ཅེས་པ་ཡིན་ཞིང་། ཀྲུང་གོ་ཕྱོགས་ཀྱིས་མཚོ་དམག་མཚོ་འགྲུལ་སྲུང་སྐྱེལ་དཔུང་རུ་ཞེ་བརྒྱད་པའི་འཕུར་མདེལ་མཐར་སྐྲོད་གཏོང་བྱེད་དམག་གྲུ་ཐང་ཧྲན་དམག་གྲུ་དང་ཕྱོགས་བསྡུས་མཁོ་སྤྲོད་དམག་གྲུ་ཐའེ་ཧུའུ་དམག་གྲུ། གྲུ་བབས་ཐད་འཕུར་གནམ་གྲུ་གཅིག དེ་བཞིན་དམིགས་བསལ་དམག་འཐབ་རུ་མི་བཅུ་ཕྲག་ཁ་ཤས་བཅས་མངགས་ནས་ནང་སྦྱོང་ལ་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།