ལྷ་ས་གྲོང་ཁྱེར་གྱི་རིམ་གཉིས་མི་དམངས་ཁྲིམས་ཁང་གིས།
དམངས་འཚོའི་གྱོད་གཞི་ཆུང་རིགས་ཐག་གཅོད་བྱས་ཏེ་དམངས་ཆེད་ཁྲིམས་འཛིན་ཡག་པོ་བྱས་པ།
ཉེ་ཆར། མལ་གྲོ་གུང་དཀར་རྫོང་མི་དམངས་ཁྲིམས་ཁང་གིས་དམངས་འཚོ་དང་འབྲེལ་བའི་དམིགས་རྟེན་ཆུང་བའི་གྱོད་གཞི་ཁག་ལྔ་ལག་བསྟར་མཐའ་འདོམས་བྱས་ཤིང་། གྱོད་འབྲེལ་དམིགས་རྟེན་དངུལ་འབོར་སྒོར་ཁྲི་4.55ཟིན་གྱི་ཡོད་པ་དག་ཉིན་དེ་རང་ལ་ཆ་ཚང་ལག་བསྟར་རེ་ཞུ་བྱེད་མཁན་5ཡི་ལག་ཏུ་སྤྲད་ནས། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པས། དོ་བདག་གི་ཁས་ལེན་དང་གདེང་འཇོག་བཟང་པོ་ཐོབ་ཅིང་། དེ་ཐོག་ནས་ཁྲིམས་ཁང་དེས“དགུན་དུས་འགག་སྒྲོལ”གྱི་ཆེད་དོན་བྱ་སྤྱོད་སྤེལ་བར་ཐོག་མའི་གྲུབ་འབྲས་ཐོབ་པ་མཚོན་ཡོད།
གྱོད་གཞི་ལག་བསྟར་དོན་ཐོག་ཏུ་འཁྱོལ་ཚད་མཐོ་རུ་ཏན་ཏིག་གཏོང་ཆེད། ལྷ་ས་གྲོང་ཁྱེར་རིམ་གཉིས་ཁྲིམས་ཁང་གིས་དུས་ཡུན་ཟླ་བ་གཉིས་ཀྱི“དགུན་དུས་འགག་སྒྲོལ”གྱི་ལག་བསྟར་ཆེད་དོན་བྱ་སྤྱོད་སྤེལ་བ་རེད། མལ་གྲོ་གུང་དཀར་རྫོང་མི་དམངས་ཁྲིམས་ཁང་ཏང་ཙུའུ་ཡིས་ཚད་མཐོའི་མཐོང་ཆེན་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཤིང་། ལག་བསྟར་ཅུས་ཀྱིས་མགྱོགས་མྱུར་དང་ལེན་དང་ལས་དོན་གྱི་ལྟེ་བར་དམིགས་ནས་ཤུགས་བརྒྱབ་པས། ཆེད་དོན་བྱ་སྤྱོད་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་ཏན་ཏིག་བཏང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།