གཏིང་སྐྱེས་རྫོང་སྤེ་དམར་གྲོང་ཚོས་བགོ་འགྲེམས་རྒྱག་པའི་མཛད་སྒོ་འཚོགས་པ།
དུད་ཚང་31ལ་གློག་སྒུལ་འཁོར་གསུམ་སྦག་སྦག་སྤྲད་པ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་བཀྲ་ཤིས་སྒང་ཤང་སྤེ་དམར་གྲོང་ཚོས་བགོ་འགྲེམས་རྒྱག་པའི་མཛད་སྒོ་འཚོགས་ཤིང་། དུད་ཚང་31ལ་གློག་སྒུལ་འཁོར་གསུམ་སྦག་སྦག་སྤྲད་ཡོད་པ་རེད།
ད་རེས་བགོ་འགྲེམས་རྒྱག་སྐབས། སྔར་རྒྱུན་ལྟར་དངུལ་སྨར་མ་སྤྲད་པར་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་དང་ཟུང་འབྲེལ་གྱིས་གྲོང་ཚོའི་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་དངོས་ལ་བསམ་གཞིག་གང་ལེགས་བྱས་ཏེ། གློག་སྒུལ་འཁོར་གསུམ་སྦག་སྦག་ཉོས་ནས་བགོ་འགྲེམས་རྒྱག་རྒྱུར་ཚང་མས་མོས་མཐུན་བྱས་པས“མང་ཚོགས་ལ་ཡོང་འབབ་གསོག་པར་སྣེ་ཁྲིད་དང་། མང་ཚོགས་ལ་ཕྱུག་འགྱུར་ཡོང་བར་རོགས་རམ། མང་ཚོགས་ཀྱི་འཚོ་བར་སྟབས་བདེ་སྐྲུན་པ”བཅས་མངོན་འགྱུར་ཐུབ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། གློག་སྒུལ་འཁོར་གསུམ་སྦག་སྦག་ལ་ཁྱོན་བསྡོམས་སྒོར་ཁྲི་17.36རི་ཡི་ཡོད་པ་དང་སྦག་སྦག་ཉོས་པའི་དངུལ་ཚང་མ་གྲོང་ཚོ་མཉམ་སྡེབ་ཀྱི་ཚོང་གཉེར་ཡོང་འབབ་ནས་བཏང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།