སྣང་རྫོང་དུ་རྒྱལ་ཁབ་ཀྱི་ཁྱད་ལྡན་ཚྭ་མེད་ཆུའི་ཉའི་ཐོན་ལས་དང་བོད་ཀྱི་གཞི་རིམ་ཞིང་ལས་ལག་རྩལ་ཁྱབ་སྤེལ་མ་ལག་གི་དཔེ་སྟོན་རྣམ་གྲངས་གཉེར་བ།
ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་དུ་རྒྱལ་ཁབ་ཀྱི་ཁྱད་ལྡན་ཚྭ་མེད་ཆུའི་ཉའི་ཐོན་ལས་དང་དེ་བཞིན་བོད་ཀྱི་གཞི་རིམ་ཞིང་ལས་ལག་རྩལ་ཁྱབ་སྤེལ་མ་ལག་གི་དཔེ་སྟོན་རྣམ་གྲངས་གཉེར་བའི་མཛད་སྒོ་འཚོགས་པ་རེད།
རྒྱལ་ཁབ་ཀྱི་ཁྱད་ལྡན་ཚྭ་མེད་ཆུའི་ཉའི་ཐོན་ལས་རྣམ་གྲངས་ཀྱིས་སྣང་རྫོང་གི་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་དང་དགོན་གྲོང་ཚོའི་རང་བྱུང་ཆུ་ཚན་གྱི་ལེགས་ཆར་བརྟེན་ནས། ཁྱད་ལྡན་ཚྭ་མེད་ཆུའི་ཉ་གསོ་སྤེལ་ལག་རྩལ་གསར་གཏོད་དང་ཉ་སོན་གདམ་གསེས་དང་འཚམ་མཐུན་སོགས་ལྟེ་བའི་ལས་འགན་ལ་དམིགས་ཏེ། “རིག་ནུས་དོ་དམ་ཚོད་འཛིན་དང་འཁོར་རྒྱུག་ཆུར་གསོ་སྤེལ་བྱ་རྒྱུ་ཟུང་འབྲེལ”སོགས་ལྗང་མདོག་དང་ནུས་ཆེའི་གསོ་སྤེལ་བྱེད་སྟངས་ཁྱབ་གདལ་ཧུར་ཐག་བཏང་ནས། ས་མཐོའི་ཆུ་ཐོན་གསོ་སྤེལ་ཁོར་ཡུག་འཚམ་མཐུན་དང་སྤུས་ཚད་མཐོ་རུ་གཏོང་རྒྱུ་སོགས་འགག་རྩའི་དཀའ་གནད་ཐག་གཅོད་ནུས་ལྡན་བྱ་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དཔེ་སྟོན་ཁྱབ་སྤེལ་གཏོང་བའི་ཉ་སོན་ནང་ཉ་ཧུང་ཙུན་དང་། གྲོ་མོའི་ཉ། ཉ་ཞུན་ཡུས། རྒོད་ཉ། ལུའོ་ཧྥེའི་ཉ་སོགས་ཚུད་ཡོད་པ་རེད།
རྣམ་གྲངས་ཆེན་པོ་གཉིས་སྣང་རྫོང་དུ་གཉེར་བ་དེ་ནི་ཡུལ་དེའི་ཆུའི་ཐོན་ལས་འཕེལ་རྒྱས་ཀྱི་གཞི་རྩར་ཁས་ལེན་གང་ལེགས་བྱས་པ་ཞིག་རེད་ལ། ས་མཐོའི་ཁྱད་ལྡན་ཉ་ལས་གཞི་ཁྱོན་ཅན་དང་། ཚད་ལྡན་ཅན། ལྗང་མདོག་ཅན་བཅས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད། རྣམ་གྲངས་ལག་ལེན་བསྟར་རྗེས། སྣང་རྫོང་གི་ཞིང་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་སྔར་བས་སྐུལ་སློང་ཐུབ་ནས་ཡུལ་དེའི“ཤ་ཚལ་སྒོང་གསུམ”ཕུན་སུམ་ཚོགས་སུ་འགྲོ་རྒྱུ་དང་ཆབས་ཅིག ལས་ཞུགས་འབབ་འཕར་དང་ཞིང་ལས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་ནུས་ལྡན་ཐུབ་ནས། ས་མཐོའི་ཉ་ལས་དེ་གྲོང་དར་དམངས་ཕྱུག་གི“དར་ཁྱབ་ཆེ་བའི་ཐོན་ལས”ཤིག་ཏུ་འགྱུར་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།