གསོ་སྦྱོང་ལ་ཞུགས་ནས་འཇོན་ཐང་འཕེལ་བར་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ།

འདི་ནི་གསོ་སྦྱོང་ལ་ཞུགས་མཁན་ཚོས་སློབ་ཚན་ནན་ཏན་ངང་ཉན་བཞིན་པ།
ཉེ་ཆར། ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་རྫི་ཐོ་གྲོང་རྡལ་གྱིས་གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་ལས་བྱེད་པར་གཅིག་སྡུད་གསོ་སྦྱོང་ཉིན་ལྔ་བྱས་ཤིང་། གྲོང་རྡལ་ཡོངས་ཀྱི་གྲོང་ཚོའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་གསོ་སྦྱོང་ལ་ཞུགས་ཡོད་པ་རེད། གསོ་སྦྱོང་བྱེད་རིང་གཞི་རིམ་ལས་ཀའི་དོན་དངོས་ལ་དམ་པོར་དམིགས་པ་དང་། གཞི་རིམ་ཏང་འཛུགས་སྐྱོང་དང་། གྲོང་གསེབ་བཅོས་སྐྱོང་། དམངས་འཚོའི་ཞབས་ཞུ་སོགས་ལྟེ་བའི་ལས་དོན་ལ་གཞིགས་ཏེ་ལས་སྒོའི་རྐང་འཛིན་པ་དང་རིགས་གཅིག་མཁས་ཅན་གདན་དྲངས་ནས་ཆེད་དོན་ཟུར་ཁྲིད་བྱས་པ་མ་ཟད། གསོ་སྦྱོང་ལ་ཞུགས་མཁན་ལས་བྱེད་པ་སྔོན་ཐོན་གྲོང་ཚོར་ཉམས་མྱོང་སློབ་སྦྱོང་བྱེད་པར་ཡང་འཁྲིད་པ་རེད།
འབྲེལ་ཡོད་གསར་འགྱུར།