དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྣ་དཀར་རྩེ་རྫོང་གི་མང་ཚོགས་ཚོགས་པའི་ལས་དོན་པུའུ་ཡིས།

    ​དགུན་དུས་འཚམས་འདྲི་བྱས་ནས་མི་སེམས་དྲོ་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-01-14

    ཉེ་ཆར། སྣ་དཀར་རྩེ་རྫོང་མང་ཚོགས་ཚོགས་པའི་ལས་དོན་པུའུ་ཡིས་མཁར་ལུང་ཤང་སློབ་ཆུང་དུ་དགུན་དུས་ཀྱི་འཚམས་འདྲིའི་བྱེད་སྒོ་སྤེལ་ཞིང་། དེའི་དམིགས་ཡུལ་ནི་གཞོན་ནུ་ལོ་ཆུང་ལ་དོ་ཁུར་དང་རོགས་རམ་བྱེད་པའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་གནང་ལུགས་བྱིས་པའི་སེམས་སུ་གཏིང་ཟབ་ཟུག་པར་བྱ་ཆེད་རེད།

    བྱེད་སྒོ་སྤེལ་ཡུལ་དུ། འཚམས་འདྲི་ཚོགས་ཆུང་གིས་ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་ཆེ་ཞིང་སྤྱོད་ཡོན་གཉིས་ལྡན་གྱི་ཕུལ་བྱུང་སློབ་མ་21དང་བཞུགས་མོལ་བྱས་ནས་ཁོང་ཚོའི་སློབ་སྦྱོང་གི་གནས་ཚུལ་དང་། འཚོ་བའི་གནས་ཚུལ། དོན་དངོས་ཀྱི་དགོས་མཁོ་བཅས་ལ་སྐད་ཆ་ཞིབ་ཕྲ་དྲིས་པ་མ་ཟད། ཁོང་ཚོར་ཕུགས་བསམ་ལྡན་པ་དང་། སློབ་སྦྱོང་གི་དུས་ཚོད་ལ་གཅེས་སྤྲས། ཤེས་བྱར་འབད་བརྩོན། འཚར་ལོངས་ལམ་བུའི་དཀའ་ངལ་དང་འགྲན་སློང་ཁྱད་བསད་བཅས་བྱས་ཏེ་མེས་རྒྱལ་ལ་དགའ་ཞེན་དང་། སློབ་སྦྱོང་ལ་བརྩོན་ཞིང་བསམ་བློ་གཏོང་མཁས་པ། དགེ་བརྩོན་ཡར་ཐོན། འགན་འཁུར་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་བཟང་པོ་ཞིག་བྱ་རྒྱུའི་འབད་བརྩོན་བྱེད་པ་དང་། འབྱུང་འགྱུར་གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་སྤྱི་ཚོགས་ཀྱིས་གཅེས་སྐྱོང་བྱས་པར་དྲིན་ལན་འཇལ་རྒྱུ་དང་ཕ་ཡུལ་འཛུགས་སྐྲུན་ལ་རོགས་རམ་བྱ་རྒྱུའི་ལྕག་སྐུལ་ཡང་བྱས་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།