དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སོག་རྫོང་རོང་པོ་གྲོང་རྡལ་གྱིས“གསར་བརྗེའི་ཏང་འཛུགས་སྐྱོང”ལ་བརྟེན་ནས“ལྗང་མདོག་འཕེལ་རྒྱས”ལ་སྣེ་ཁྲིད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-01-14

    དགུན་ཟླ་ཐ་ཆུང་གི་དུས་སུ། ནག་ཆུ་གྲོང་ཁྱེར་སོག་རྫོང་རོང་པོ་གྲོང་རྡལ་གྱི་མི་ཐབས་རྩྭ་འདེབས་རྟེན་གཞིའི་ལོ་འཁོར་གྱི་རྩྭ་བརྔས་ཟིན་ཏེ་སྤུས་ལེགས་གཟན་རྩྭ་རྣམས་ཐུམ་བརྒྱབ་ནས་གྲལ་བསྟར་འགྲིག་པོར་བཞག་སྟེ་ཁྲོམ་ར་ཁག་ཏུ་གཏོང་རྩིས་བྱེད་བཞིན་ཡོད་པ་རེད། ཚ་ཚ་འུར་འུར་གྱི་ཐོན་ལས་ཀྱི་རྣམ་པ་དེ་ནི་གྲོང་རྡལ་དེས་ལོ་བརྒྱད་རིང་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཁྲིད་སྟོན་བྱས་པ་དང་། “ཏང་ཨུད་ཀྱིས་སྤྱི་འདོམས་དང་། ཀུང་སིས་ཚོང་གཉེར། གྲོང་ཚོའི‘ཨུ་ལྷན་གཉིས’ཀྱི་ལྟ་སྐུལ། མང་ཚོགས་ཀྱིས་ནུས་ཤུགས་འདོན་པ། ཐུན་མོང་འབབ་འཕར”བཅས་ཟུང་འབྲེལ་གྱི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་པ་ལས་བྱུང་བ་ཞིག་རེད།

    རོང་པོ་གྲོང་རྡལ་ཏང་ཨུད་ཀྱིས་སྣེ་ཁྲིད་ནས་སྤྱི་ཡོངས་ལ་དམ་འཛིན་དང་ཚན་རིག་དང་མཐུན་པའི་འཆར་འགོད་འོག་ཡུལ་དེས་ས་ཞིང་མུའུ་3000ལྷག་ཙམ་ཐོན་འབབ་མཐོ་ལ་བརྟན་པའི་མི་ཐབས་རྩྭ་འདེབས་རྟེན་གཞིར་བསྐྲུན་པས་ལོར་ཆ་སྙོམས་གཟན་རྩྭ་ཏུན་ཆིག་སྟོང་ཙམ་ཡོང་གི་ཡོད་པས། ས་མཐོའི་འབྲོག་ཁུལ་གྱི་གཟན་རྩྭ་ཁ་ཐང་བའི་འཇུར་མིག་ནུས་ལྡན་བསལ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཏང་རྩ་འཛུགས་ཀྱི་ནུས་པ་དེ་ཐོན་ལས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཡོད་ཅིང་། དུས་འགོའི་སྤྱི་འདོམས་བཀོད་ཇུས་ནས་ནག་ཆུ་གྲོང་ཁྱེར་ཞིང་འབྲོག་ལས་ཚན་རྩལ་གྱི་རིགས་གཅིག་མཁས་ཅན་ཚོགས་པ་དུས་ཡུན་རིང་པོ་བཅའ་སྡོད་ཀྱིས“གཅིག་གཏད་གཅིག”གི་ལག་རྩལ་མཛུབ་ཁྲིད་བྱེད་པར་མཐུན་སྦྱོར་བྱས་པའི་བར་དང་། དེ་ནས་མང་ཚོགས་ཞུགས་པར་སྐུལ་སློང་དང་དྲང་གཞག་བགོ་འགྲེམས་ལ་ལྟ་སྐུལ་དང་འགན་སྲུང་བྱས་པས་རྩ་འཛུགས་ཀྱི་འགན་ལེན་ནུས་ལྡན་ཞིག་ཆགས་ཡོད།

    ཏང་འཛུགས་སྐྱོང་གི་ཁྲིད་སྟོན་འོག་ཐོན་ལས་ཀྱི་ལག་ལེན་ལས་སྐྱེ་ཁམས་དང་འཚོ་ཐབས་གཉིས་ཀར་ཕན་ཐོགས་བྱུང་ཡོད། ད་བར་མི་ཐབས་རྩྭ་འདེབས་རྟེན་གཞིའི་རྣམ་གྲངས་ནང་ཞུགས་མཁན་མང་ཚོགས་1321ལ་རིམ་རྩིས་བརྒྱབ་ན་བགོ་འགྲེམས་སྒོར་ཁྲི་770ལྷག་རག་ཡོད་པ་དང་ཞིང་འབྲོག་པ་མང་པོ་ཞིག་ཏང་རྩ་འཛུགས་ཀྱི་ཁྲིད་སྟོན་འོག་ཆེད་ལས་ཞིང་འབྲོག་པ་གསར་པར་གྱུར་ནས་དེང་རབས་ཀྱི་ཐོན་སྐྱེད་རྩལ་ནུས་ཁོང་དུ་ཆུད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།