དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་ཁྲལ་དོན་ཅུས་ཀྱིས།

    ​ཡེར་པ་ཐང་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-01-14


    འདི་ནི་ཡེར་པ་ཐང་ཆུ་ཤུགས་གློག་ཁང་ཡིན་པ།

     2025ལོའི་ཚུན་དུ། ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་ཁྲལ་དོན་ཅུས་ཀྱིས་ལས་གྲྭ་ཆེ་གྲས་འཛུགས་སྐྲུན་གྱི་དགོས་མཁོར་དམ་པོར་དམིགས་པ་དང་། “གཙོ་འགན་གཙོ་ལས”ལ་གཞིགས་པ། ཞབས་འདེགས་ཞུ་ཐབས་རྒྱུན་མཐུད་ལེགས་སུ་གཏོང་བ་བཅས་བྱས་ནས། རྣམ་གྲངས་འཛུགས་སྐྲུན་གྱི་ལྷུ་ཚིགས་ཁག་ཏུ་ཁེ་ལས་ལ་ལུགས་མཐུན་སྙན་ཞུ་འབུལ་བར་ཁྲིད་སྟོན་དང་ཁྲལ་འབྲེལ་ཉེན་ཁ་དུས་ཐོག་ཏུ་དྲན་སྐུལ་བྱས་ཏེ། རྣམ་གྲངས་འཛུགས་སྐྲུན་ལ་རམ་འདེགས་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཡེར་པ་ཐང་ཆུ་ཤུགས་གློག་ཁང་ནི་ཆ་སྙོམས་ས་བབ་སྨི་3000ཟིན་པའི་འབྲི་ཆུའི་སྟོད་རྒྱུད་དུ་གནས་ཤིང་། གློག་ཁང་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད། གོ་འཇོ་རྫོང་ཁྲལ་དོན་ཅུས་ཀྱིས་ཡེར་པ་ཐང་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་གྱི་འཕེལ་རིམ་ལ་གཞི་ཚུགས་ནས“ངོ་ཐུག་རྣམ་པ་མིན་པའི”ཁྲལ་སྒྲུབ་གྲོན་འཇལ་ཞབས་འདེགས་རྒྱ་ཆེར་ཞུ་བ་དང་། ཁྲལ་འབྲེལ་དོན་དག“དྲ་ཐོག་ནས་སྒྲུབ་པ”དང་། “ལག་ཐོགས་ཁ་པར་ནས་སྒྲུབ་པ” “ཐག་རིང་ནས་སྒྲུབ་པ” “ཁོངས་བརྒལ་ཀུན་སྒྲུབ”སོགས་ཀྱི་བྱ་ཐབས་འདོན་པ། ཁེ་ལས་ལ་སྙན་ཞུའི་དྲན་སྐུལ་དང་། གྲངས་གཞི་བཤེར་བ། མགྱོགས་མྱུར་ཞིབ་མཆན་འགོད་པ་སོགས་གཅིག་འཐུས་རྣམ་པའི་ཞབས་འདེགས་ཞུ་བ། ཁྲལ་འཇལ་སྙན་ཞུ་གནད་འཁེལ་ནུས་ཆེ་ཡོང་བའི་འགན་ལེན་བཅས་བྱས་ཏེ། ཁེ་ལས་ཀྱི་ཁྲལ་སྒྲུབ་དུས་ཚོད་ཐུང་དུ་གཏོང་གང་ཐུབ་བྱས་ཡོད།

    དེ་དང་ཆབས་ཅིག་གོ་འཇོ་རྫོང་ཁྲལ་དོན་ཅུས་ཀྱིས་ད་དུང“ལས་དོན་མ་སྒྲུབ་གོང་སྔོན་བརྡ་གཏོང་བ་དང་། ལས་དོན་སྒྲུབ་རིང་ལྟ་སྐུལ་ཚོད་འཛིན་བྱེད་པ། ལས་དོན་བསྒྲུབས་རྗེས་རྗེས་སྙེག་བྱེད་པ”བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་འཛུགས་པ་དང་། ཡེར་པ་ཐང་ཆུ་ཤུགས་གློག་ཁང་རྣམ་གྲངས་འཛུགས་སྐྲུན་གྱི་ཁྲལ་འབྲེལ་གྲངས་གཞིར་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན། ཐོན་སྲིད་པའི་ཉེན་ཁར་གནད་སྨིན་དབྱེ་འབྱེད་དང་དྲན་སྐུལ་བཅས་བྱས་ཏེ། ཁེ་ལས་ལ་ཁྲལ་དོན་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ནང་ཁུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཁྲལ་འཇལ་སྙན་ཞུ་ཚད་ལྡན་དུ་འགྱུར་བ་བཅས་ཀྱི་ཁྲིད་སྟོན་བྱས་ནས། རྣམ་གྲངས་འཛུགས་སྐྲུན་བདེ་བླག་ཡོང་བར་རམ་འདེགས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།