ཉིང་ཁྲིར་གྲོང་ཚོའི(སྡེ་ཁུལ)ཆོག་འཐུས་དོན་ཚན་གསལ་ཐོའི་ལམ་ལུགས་ཁྱོན་ཡོངས་ལ་ཁྱབ་པ།
ཉེ་ཆར། གསར་འགོད་པར་ཉིང་ཁྲི་གྲོང་ཨུད་སྤྱི་ཚོགས་ལས་དོན་པུའུ་ནས་ཤེས་རྟོགས་བྱུང་བར། 2025ལོའི་ལོ་འཁོར་དུ་ཉིང་ཁྲི་གྲོང་ཁྱེར་གྱིས་མཁར་རྫོང་བརྟན་པོ་བསྐྲུན་ནས་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུར་དམིགས་ཏེ། “དམ་འཛིན་གཅིག་དང་སྐུལ་འདེད་གཉིས”རྒྱུན་མཐུད་ཟབ་ཏུ་བཏང་བས། ལྗོངས་ཡོངས་ནས་སྔོན་ལ་གྲོང་ཚོར(སྡེ་ཁུལ)ཆོག་འཐུས་དོན་ཚན་གསལ་ཐོའི་ལམ་ལུགས་ཁྱོན་ཡོངས་ལ་ཁྱབ་ནས་སྟབས་བདེ་ནུས་ཆེའི་གཞི་རིམ་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་མ་ཐེབས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོའི་ལོ་འཁོར་དུ་ཉིང་ཁྲིས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་ཁག་25བཟོས་ཤིང་། བྲག་ཡིབ་ཆུས་པད་མ་སྒང་ཁྲོམ་གཞུང་ལ་རྒྱལ་ཡོངས་ཀྱི“དྲ་མིག་ཅན་རྣམ་པའི”བཅོས་སྐྱོང་གི་ཕུལ་བྱུང་དཔེ་མཚོན་གྱི་མཚན་སྙན་ཐོབ་པ་དང་། ཡུལ་བབ་དང་བསྟུན་ནས་གྲོང་ཚོ་མཉམ་འབྲེལ་གྱི་ཏང་ཨུད་14བཙུགས་ཏེ། གྲོང་ཚོ་32ལ་མཉམ་སྡེབ་དཔལ་འབྱོར་དང་གྲོང་ཚོའི་ལས་བྱེད་པའི་ལས་རྗེས་དཔྱད་ཞིབ་ཟུང་འབྲེལ་ཡོང་བར་ཁྲིད་སྟོན་བྱས་པས། གྲོང་ཁྱེར་ཡོངས་ཀྱི་གྲོང་ཚོ(སྡེ་ཁུལ)91.5%ཡི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་5ཡན་ཟིན་ཡོད།
འབྲེལ་ཡོད་གསར་འགྱུར།