དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མཁའ་རྟ—1000རྟགས་ཅན་འཕུར་སྐྱོད་ཐེངས་དང་པོ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-14


    འདི་ནི“མཁའ་རྟ—1000རྟགས་ཅན”འཕུར་སྐྱོད་ཐེངས་དང་པོ་ལེགས་གྲུབ་ཟིན་ནས་རྒྱུག་ལམ་ཐོག་འབབ་བཞིན་པ།

    ཟླ་1ཚེས་11ཉིན། རང་རྒྱལ་གྱིས་རང་བརྟེན་ཞིབ་སྤེལ་བྱས་པའི“མཁའ་རྟ—1000རྟགས་ཅན”མི་མེད་སྐྱེལ་འདྲེན་གནམ་གྲུའི་ཚོད་ལྟའི་འཕུར་སྐྱོད་ཐེངས་དང་པོ་ལམ་ལྷོངས་བྱུང་ཡོད། གནམ་གྲུ་དེའི་མཁའ་འགྲུལ་ལམ་ཐག་རིང་ཤོས་སྤྱི་ལེ་1800ཟིན་པ་དང་དངོས་ཟོག་ཐེག་ཚད་མང་ཤོས་ཏུན་1ཟིན་གྱི་ཡོད་པ་དང་། དེ་ནི་ཟོག་འགྲེམས་སྐྱེལ་འདྲེན་དང་། འཕྲལ་སྡོམ་རོགས་སྐྱོབ། དངོས་ཟོག་སྐྱེལ་སྤྲོད་བཅས་ཀྱི་བྱེད་ནུས་གཞི་གཅིག་ཏུ་འདུས་པ་ཞིག་ཡིན།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།