དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་གློག་དྲ་གཉེར་སྐྱོང་ཁུལ་གྱིས་ན་ནིང་ཞིང་ཆེན་དབར་གློག་ཤུགས་ཉོ་ཚོང་གི་གཞི་ཁྱོན་ཆེ་ཤོས་བཏོད་པ།

    ​ཆན་ཝ་ཆུ་ཚོད་དུང་ཕྱུར་ཁྲི་1.6ལས་ཐོག་མར་བརྒལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-01-14

    པེ་ཅིང་གློག་ཤུགས་ཉོ་ཚོང་ལྟེ་གནས་ཀྱི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། རྒྱལ་ཁབ་གློག་དྲ་གཉེར་སྐྱོང་ཁུལ་གྱི་2025ལོའི་ཞིང་ཆེན་དབར་གློག་ཤུགས་ཉོ་ཚོང་གི་འབོར་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་ཁྲི་1.67ཟིན་པ་དེ་དུས་མཚུངས་ལས་10%འཕར་བ་དང་། ཆན་ཝ་ཆུ་ཚོད་དུང་ཕྱུར་ཁྲི་1.6ལས་ཐོག་མར་བརྒལ་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད་པ་རེད།

    2025ལོར་རྒྱལ་ཁབ་གློག་དྲ་ཀུང་སིས་ཞིང་ཆེན་དབར་གྱི་གློག་ཤུགས་ཁྲོམ་ར་འཛུགས་སྐྲུན་དང་གཉེར་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཞིང་ཆེན་དབར་ཉོ་ཚོང་གི་སྟབས་བསྟུན་རང་བཞིན་ཆེ་རུ་གཏོང་བ་དང་། ཞིང་ཆེན་དབར་གྱི་གློག་ལམ་བེད་སྤྱོད་ལ་སྤྱི་འདོམས་གང་ལེགས་བྱེད་པ། ཐོན་ཁུངས་གཞི་ཁྱོན་ཆེ་བའི་བཀོད་སྒྲིག་ལེགས་སུ་གཏོང་བ་དང་ཆད་ལྷག་གསབ་རེས་ལ་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱས་ཡོད། སི་ཁྲོན་དང་། ཀན་སུའུ། མཚོ་སྔོན། ཉིང་ཞ། ཤིན་ཅང་སོགས་ནུས་རྒྱུ་ཕུན་སུམ་ཚོགས་པའི་ས་ཁུལ་གྱིས་གློག་ཤུགས་ཕྱིར་གཏོང་དགོས་མཁོ་དང་ལེན་ཧུར་ཐག་བྱས་ཏེ། གློག་ཤུགས་ཕྱིར་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་5369ཟིན་པ་དང་། ཞིང་ཆེན་དབར་གྱི་ནུས་རྒྱུ་གསར་པའི་གློག་ཤུགས་ཉོ་ཚོང་གི་འབོར་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་3177ཟིན་པ་དེ་དུས་མཚུངས་ལས་41%འཕར་ཡོད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།