ཟླ་1ཚེས་1ནས་7ཉིན་བར་ཧའེ་ནན་གྱི་གླིང་བྲལ་ཁྲལ་མེད་ཉོ་སྒྲུབ་དངུལ་འབོར་དུས་མཚུངས་ལས་88%འཕར་བ།
གསར་འགོད་པར་ཧའེ་ཁོའུ་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། ཟླ་1ཚེས་1ནས་7ཉིན་བར། ཧའེ་ནན་གྱི་གླིང་བྲལ་ཁྲལ་མེད་ཉོ་སྒྲུབ་དངུལ་འབོར་སྒོར་དུང་ཕྱུར་12.1ཟིན་པ་དང་། དངོས་ཟོག་ཁྲི་82.4ཟིན་པ། མི་ཐེངས་ཁྲི་14.9ཟིན་པ་དེ་དག་དུས་མཚུངས་ལས་88%དང་། 30.3% 38.3%སོ་སོར་འཕར་ནས། ལོ་གསར་པར“འགོ་ཚུགས་བཀྲ་ཤིས”བྱུང་བ་རེད།
2025ལོའི་ཟླ་11ཚེས་1ཉིན། ཧའེ་ནན་གྱི་གླིང་བྲལ་ཁྲལ་མེད་ཉོ་སྒྲུབ་སྲིད་ཇུས་ལ་རེས་སྐོར་གསར་པའི་ལེགས་སྒྲིག་བྱས་ཤིང་། ཁྲལ་མེད་ཚོང་ཟོག་སྣ་ཁ་45ནས་47བར་མང་དུ་བཏང་བ་དང་། མི་མེད་གནམ་གྲུ་ཆུང་གྲས་དང་ཁྱེར་བདེ་བའི་རོལ་ཆ་ཀི་ཐར་གཉིས་མང་དུ་བཏང་ཡོད། གནམ་ལོ་གསར་ཚེས་ཀྱི་གུང་གསེང་ཚུན་དུ། ཧའེ་ཁོའུ་དང་། སན་ཡ། ཝན་ཉིང་སོགས་ས་གནས་ཀྱི་ཁྲལ་མེད་ཚོང་གྲོང་དུ་ཡུལ་བབ་དང་བསྟུན་ནས་ཚོང་ཟོག་གསར་པའི་ཆེད་ཚོང་ཁུལ་བཙུགས་པ་དང་། གཅེས་ཉར་སྲོག་ཆགས་ཀྱི་སྤྱོད་ཆས་དང་། མི་མེད་གནམ་གྲུ། རྒྱལ་ཐོན་ཀོག་ཧྥེ་སོགས་ཀྱི་ཚོང་ཟོག་གསར་པ་གཅིག་སྡུད་ཐོག་འགྲེམས་ཚོང་བྱས་པར་གཞོན་ནུ་ཚོགས་སྤྱིས་དགའ་པོ་བྱེད་ཀྱི་ཡོད་པ་རེད།
གླིང་བྲལ་ཁྲལ་མེད་སྲིད་ཇུས་ཀྱིས་གླིང་ཕྲན་ནང་ཁུལ་གྱི་གྲོང་མིའི་ཟོག་ཉོའི་བཀག་རྒྱ་ལྷོད་དུ་བཏང་བ་དང་བསྟུན་ནས། ས་གནས་དེ་གའི་གྲོང་མི་ཁྲལ་མེད་འཛད་སྤྱོད་ཀྱི་སྟོབས་ཤུགས་གསར་པར་གྱུར་ཡོད། “གླིང་ཕྲན་ནས་ཐེངས་གཅིག་བྲལ་ན་ལོ་འཁོར་མོར་ཁྲལ་མེད་ཉོ་སྒྲུབ་བྱེད་ཆོག”ཧའེ་ཁོའུ་ཡི་གྲོང་མི་ལི་ཞུའེ་ཡིས། ད་ཆ་ཁྲལ་མེད་ཚོང་ཁང་བསྐོར་བ་ནི་སྤྱིར་བཏང་གྱི་ཚོང་ཁང་བསྐོར་བ་ནང་བཞིན་སྟབས་བདེ་པོ་འདུག བློ་ལ་བབས་པའི་ཚོང་ཟོག་ཉོས་མ་ཐག་འཁྱེར་ནས་སྤྱད་ཆོག་ཅེས་བརྗོད། དེ་མིན། གྱོན་གོས་རྒྱན་ཆ་དང་ཇ་ལོ་སོགས་རྒྱལ་ནང་གི་ཚོང་ཟོག་སྣ་ཁ་6ཁྲལ་མེད་ཚོང་ཁང་ནས་འཚོང་བའི་ཆོག་མཆན་ཐོབ་པ་དང་ཁྲལ་བསྡུའི་གཟིགས་སྐྱོང་ལོངས་སྤྱོད་ཐུབ་པས། རྒྱལ་སྲོལ་ཐོན་རྫས་རྩེ་གྲ་ཉོ་མཁན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།