ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར་1030བཀོད་སྒྲིག་བྱས་ནས“རི་ཀླུང་ལས་གྲྭའི”རྣམ་གྲངས་ཁག་52ལ་རྒྱབ་སྐྱོར་བྱས་པ།
ཉེ་ཆར། ནོར་སྲིད་པུའུ་དང་། རང་བྱུང་ཐོན་ཁུངས་པུའུ། སྐྱེ་ཁམས་ཁོར་ཡུག་པུའུ་བཅས་ཀྱིས་ས་གནས་ཁག་གིས་འོས་སྦྱོར་རེ་ཞུ་བྱས་པའི་རྨང་གཞིའི་ཐོག་རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་སླར་གསོ་ལས་གྲྭའི་དཔེ་མཚོན་ཁག་གསུམ་པ་16ལེགས་འདེམས་བྱས་ནས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་ལས་དོན་ལ་སླར་ཡང་ལག་ལེན་གྱི་མ་དཔེ་མཁོ་འདོན་བྱས་ཡོད།
2016ལོ་ནས་བཟུང་། ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་བརྒྱབ་ན། སྒོར་དུང་ཕྱུར་1030བཀོད་སྒྲིག་བྱས་ནས་ཁག་དྲུག་ལ་བགོས་ཏེ་ས་གནས་ཀྱིས“རི་ཀླུང་ལས་གྲྭའི”རྣམ་གྲངས་ཁག་52ལག་ལེན་བསྟར་རྒྱུར་རྒྱབ་སྐྱོར་བྱས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྐྱེ་ཁམས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།